དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེན་ནི་ཡའི་མོང་ནེ་ལྕགས་ལམ་བདེ་འཇགས་ངང་གཉེར་སྐྱོང་བྱས་ནས་ཉིན་3000ལྷག་ཙམ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-27

    འདི་ནི་འགྲུལ་སྐྱེལ་མེ་འཁོར་ཞིག་ཁེན་ནི་ཡའི་ཁྲ་ཝོ་རྒྱལ་ཁབ་སྤྱི་གླིང་ཉེ་འགྲམ་གྱི་མོང་ནེ་ལྕགས་ལམ་ཁྲ་ཝོ་ཆུ་བོའི་ཟམ་ཆེན་ནས་བསྐྱོད་བཞིན་པ།

    གསར་འགོད་པས་ཨ་ཧྥེ་རི་ཁའི་སྐར་ཚོགས་ལྕགས་ལམ་གཉེར་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་8ཚེས་16ཉིན་བར། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བ་དང་འབྲེལ་གཉེར་སྐྱོང་བྱས་པའི་ཁེན་ནི་ཡའི་མོང་ནེ་ལྕགས་ལམ་བདེ་འཇགས་ངང་གཉེར་སྐྱོང་བྱས་ནས་ཉིན་3000སོང་བ་རེད། ཤར་གཏོང་ཐུབ་པ་ནས་བཟུང་། མོང་ནེ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་1592.8དང་དངོས་ཟོག་ཏུན་ཁྲི་4196.3སྐྱེལ་འདྲེན་བྱས་ཡོད།

    མོང་ནེ་ལྕགས་ལམ་དེ་ཤར་ཕྱོགས་ཁེན་ནི་ཡའི་གྲུ་ཁའི་གྲོང་ཁྱེར་མོང་པཱ་ས་ནས་ནུབ་ཕྱོགས་རྒྱལ་ས་ནེ་རོ་པིའི་བར་ཡིན་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་472ཡོད། མོང་ནེ་ལྕགས་ལམ་ནི་ཁེན་ནི་ཡ་རང་བཙན་བྱས་ཚུན་བསྐྲུན་པའི་ལྕགས་ལམ་དང་པོ་དེ་ཡིན་ལ། ཀྲུང་ཁེན་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཞིག་ཀྱང་ཡིན་ཞིང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་ཇུས་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་ཡོད། ལྕགས་ལམ་དེར་ཀྲུང་གོའི་ཚད་གཞི་དང་། ལག་རྩལ། སྒྲིག་ཆས། གཉེར་སྐྱོང་དོ་དམ་བྱེད་སྟངས་བཅས་སྤྱད་པ་ལས་ཁེན་ནི་ཡའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ནས་ལམ་རྒྱུད་ས་ཁུལ་གྱི་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་། རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁྲི་7.4བཏོད་པ་དང་ཁེན་ནི་ཡའི་ཚད་ལྡན་ལྕགས་ལམ་ལག་རྩལ་གྱི་ཤེས་ལྡན་པ་2800ཙམ་གསོ་སྐྱོང་བྱས་ནས་ས་གནས་དེ་གའི་ལས་ཞུགས་ལ་རོགས་རམ་བྱས་པ་མ་ཟད། སྤྱི་ཕན་རོགས་སྐྱོར་དང་སྡེ་ཁུལ་མཉམ་སྐྲུན་བརྒྱུད་ལམ་རྒྱུད་ཀྱི་དམངས་འཚོ་ལེགས་སུ་ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།