དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་དམངས་ཡོངས་ལུས་སྦྱོང་གི་རིམ་སྤེལ་བྱེད་སྒོའི་འདུར་འགྲོས་འགྲན་བསྡུར་ལྷ་སར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-27

    ཉེ་ཆར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་དང་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་དམངས་ཡོངས་ལུས་སྦྱོང་གི་རིམ་སྤེལ་བྱེད་སྒོའི་འདུར་འགྲོས་འགྲན་བསྡུར་ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་དུ་འགོ་ཚུགས་པ་རེད།

    བྱེད་སྒོས་ལུས་སྦྱོང་ལ་དགའ་ཞེན་ཡོད་མཁན་320ཙམ་གྱི་ཡིད་དབང་བཀུག་ཡོད། ལམ་ཐིག་ཐད་ལྷོ་རིའི་སྤྱི་གླིང་གི་ས་མཐོའི་མཛེས་ལྗོངས་དང་ལུས་སྦྱོང་འགྲན་སློང་ཟུང་འབྲེལ་བྱས་པ་དང་ལམ་རྒྱུད་དུ་གཱ་ཐོ་འགོད་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ། བྱེད་སྒོར་ཞུགས་མཁན་རྣམས་ལ་འདུར་འགྲོས་འགྲན་བསྡུར་བྱེད་རིང་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་དང་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་ཉམས་ལེན་བྱེད་དུ་བཅུག་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་ཡག་པོ་བསྟར་ཡོད། སྟབས་བདེ་ཞིང་འགྲོ་སྐྱོད་སླ་བའི་འདུས་འགྲོས་དང་ཕྱོགས་ངེས་རི་འཛེགས་ཀྱི་སྤྲོ་འཕེལ་འགྲན་སློང་གི་ཁྱད་ཆོས་ལྡན་པས། ལུས་པོར་སྦྱོང་བརྡར་ཐེབས་ཀྱི་ཡོད་ལ། རིག་སྟོབས་དང་ཚོགས་པའི་མཉམ་ལས་ལའང་ཚོད་བགམ་ཐེབས་ཀྱི་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དུས་གཅིག་ཏུ“ཚེ་སྲོག་ལ་དགའ་ཞེན། དུག་རྫས་བཀག་འགོག ངར་ཤུགས་སྐྱེད་སྨན་བཀག་འགོག”གི་སྤྱི་ཕན་དྲིལ་བསྒྲགས་བྱས་ཏེ། དམངས་ཡོངས་ལུས་སྦྱོང་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ཟུང་འབྲེལ་ནུས་ལྡན་བྱས་ནས“ལུས་རྩལ་སྤྱི་གླིང་དུ་སྤེལ་བ”དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཚོར་ལུས་རྩལ་ཁྲོད་ནས་བདེ་ཐང་ཐོབ་པ་དང་། སྤྲོ་སྣང་འཕེལ་བ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་བ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།