དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-27

     ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་པར་ཤུཌ་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་ལྟ་རྟོག ནུས་པ་ལྡན་པའི་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་མཐའ་འཁྱོངས། ཐཱན་ཁྲོམ་ར་ནི་དྲོད་རླངས་འབུད་གཏོང་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་ཤིག་ཡིན་པའི་གཞི་རྩའི་ངེས་གནས་མཐའ་འཁྱོངས། རྒྱལ་ཡོངས་གཅིག་གྱུར་གྱི་ཐཱན་ཁྲོམ་ར་མགྱོགས་མྱུར་འཛུགས་པ། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་དེའི་ནང་ཞུགས་མཁན་བྱེད་པོ་མང་དུ་གཏོང་བ། དེ་བས་དྲང་གཞག་དང་། ཡོངས་བསྒྲགས། ཁ་གསལ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་པ། ཐཱན་འབུད་གཏོང་གི་ཐོན་ཁུངས་བཀོད་སྒྲིག་ལས་ཕྱོད་ལེགས་སྒྱུར་ཡག་ཤོས་དང་ལས་ཕྱོད་ཆེ་ཤོས་མངོན་འགྱུར་ཧུར་ཐག་བྱེད་པ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་དགོས་པ་དེ་རེད།

    དམིགས་ཚད་གཙོ་བོ་ནི། 2027ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་ར་དེ་བཟོ་ལས་ཁྱབ་ཁོངས་ཀྱི་འབུད་གཏོང་ལས་རིགས་གཙོ་བོར་གཞི་རྩའི་ཆ་ནས་ཁྱབ་པ་དང་། རྒྱལ་ཡོངས་ཀྱི་དྲོད་རླངས་རང་མོས་འབུད་གཏོང་ཉུང་འཕྲིའི་ཉོ་ཚོང་ཁྲོམ་ར་དེ་གཙོ་གནད་ཁྱབ་ཁོངས་ལ་ཡོངས་སུ་ཁྱབ་པར་བྱ་རྒྱུ་རེད། 2030ལོར་སླེབས་སྐབས། ཆ་བཅད་ཀྱི་བསྡོམས་འབོར་ཚོད་འཛིན་རྨང་གཞིར་བྱེད་པ་དང་རིན་མེད་དང་རིན་ཡོད་བགོ་བཤའ་ཟུང་འབྲེལ་བྱེད་པའི་རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་ར་གཞི་རྩའི་ཆ་ནས་བཙུགས་ཟིན་པ་བྱ་རྒྱུ་དང་། ཡིད་རྟོན་ཁ་གསལ་དང་། ཐབས་ཤེས་གཅིག་གྱུར། རྒྱ་ཁྱབ་ངང་ཞུགས་པ། རྒྱལ་སྤྱི་དང་འབྲེལ་མཐུད་བཅས་ཀྱི་རྒྱལ་ཡོངས་ཀྱི་དྲོད་རླངས་འབུད་གཏོང་ཉུང་འཕྲིའི་རང་མོས་ཉོ་ཚོང་ཁྲོམ་ར་བཙུགས་ནས། བཙོག་འབུད་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པ་དང་། སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་བ། རིན་གོང་ལུགས་མཐུན་བཅས་ཀྱི་ཐཱན་གྱི་རིན་གོང་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།