དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཁྲི་1670ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-26

    འདི་ནི་G25ཁྲང(ཁྲུན)ཧྲེན(ཀྲེན)མྱུར་བགྲོད་གཞུང་ལམ་ཀྲེ་ཅང་ཧང་ཀྲོའུ་ཐུང་ལུའུ་ཞབས་ཞུའི་ཁུལ(ལྷོ་ཁུལ)གྱི་འོད་གསོག་དང་གློག་གསོག་གཞི་གཅིག་ཅན་གྱི་རིག་ནུས་གློག་གསོག་ས་ཚིགས་ཡིན་པ།

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར། རང་རྒྱལ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(གློག་གཏོང་ཡོ་བྱད)བསྡོམས་འབོར་ཁྲི་1669.6ཟིན་པ་དེ་དུས་མཚུངས་ལས་53%འཕར་ཡོད། དེའི་ནང་སྤྱི་པའི་གློག་གསོག་སྒྲིག་བཀོད(གློག་གཏོང་ཡོ་བྱད)ཁྲི་420.2ཟིན་པ་དེ་དུས་མཚུངས་ལས་38%འཕར་ཡོད། སྒེར་སྤྱོད་གློག་གསོག་སྒྲིག་བཀོད(གློག་གཏོང་ཡོ་བྱད)ཁྲི་1249.4ཟིན་པ་དེ་དུས་མཚུངས་ལས་58.8%འཕར་ཡོད།

    གྲངས་གཞི་ལས་མངོན་པར། ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་ཚད་ཁྲི་3689ཟིན་ཞིང་། ལོ་སྟོད་དུ་གསར་དུ་ཐོ་འགོད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་562.2ཟིན་པ་དེ་དུས་མཚུངས་ལས་27.86%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་ཚད་མུ་མཐུད་འཕར་བ་དང་ཆབས་ཅིག་གློག་གསོག་དགོས་མཁོ་ཡང་ཇེ་ཆེར་ཕྱིན་པ། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་བསྡོམས་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་549.23ཟིན་ཞིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་གློག་གསོག་ཚད་དེ་འགག་གསུམ་གློག་ཁང་གི་ལོ་རེའི་གློག་འདོན་ཚད་དང་གཅིག་མཚུངས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།