ཀྲུང་ཧྥེའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡར་འཚོགས་པ།
ཉེ་ཆར། ཀྲུང་ཧྥེའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་འཚོགས་ཤིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་ཡོང་པའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་། ཁེ་ལས། རིག་མཛོད། སྨྱན་སྦྱོར་གྱི་འཐུས་མི་སོགས་200ལྷག་ཙམ་གྱིས“ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་དབང་མངོན་འགྱུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོ་དེར་དམིགས་ནས་བགྲོ་གླེང་བྱས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོས་ཤིས་ཚིག་གསུངས་སྐབས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་དེ་ནི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་མིའི་རིགས་ཀྱི་བདེ་སྐྱིད་འཚོ་བར་ཕྱོགས་པའི་ཡང་དག་པའི་འགྲོ་ལམ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། ཀྲུང་ཧྥེའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་གཅེས་འཛིན་བྱས་ཏེ་མིའི་ལ་རྒྱ་དང་རིན་ཐང་མངོན་འགྱུར་བྱ་ཆེད་ཐོག་མཐའ་བར་གསུམ་དུ་བདེ་སྡུག་མཉམ་མྱོང་གིས་བདེན་པ་བདེན་ཐུབ་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ཐུན་མོང་གི་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་ཧྥེའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་སྐྱོང་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད་པས། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རྒྱུན་མཐུད་འཕེལ་རྒྱས་དང་། ཐུན་མོང་བདེ་འཇགས། མི་ཆོས་རིག་གནས་སྤེལ་རེས་དང་ལག་ལེན་གྱི་བྱ་སྤྱོད་བཅས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཨེ་ཙེ་ཨོ་ཕི་ཡའི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་སུའོ་་ཀྲང་ཧྥེ་ཁ་ཏུའུ·ཚེ་ཅ་ཡིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་གཏོང་དབང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅིང་། དེ་ནི་སྲིད་ཇུས་ཀྱི་སྐད་ཆ་ཤོད་རེས་ཤིག་ཡིན་པ་མ་ཟད། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལས་སྟེགས་ཤིག་དེ་བས་ཀྱང་ཡིན་པས། དེའི་དམིགས་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་འབྱུང་འགྱུར་གཏོད་རྒྱུ་དང་ཀྲུང་ཧྥེ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
ལི་པེ་རི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཅེ་ཏི·མོ་པུའུ་ལེ·ཨཱ་མ་ཡིས། ལི་པེ་རི་ཡས་ལྷོ་ལྷོ་མཉམ་ལས་ལ་གཞོལ་ནས་ཨ་ཧྥེ་རི་ཁ་རང་ངོས་ཀྱི་འབྱུང་འགྱུར་གཏོད་པའི་འཐབ་ཇུས་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཚོང་དོན་དང་མ་དངུལ་གཏོང་རྒྱུ་ཁྱད་ཆོས་སུ་འཛིན་པ་མ་ཟད། དེ་བས་ནི་བསྟུན་མཁས་དང་། དབང་སྤྲོད། ཞི་བདེ་བཅས་ཁྱད་ཆོས་སུ་འཛིན་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།