དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་སྤེལ་རེས་ཚོགས་པས་ཨུ་ཟ་བྷེ་ཁི་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-26

    ཉིན་ཤས་གོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོ་ཡིས་སྤེལ་རེས་ཚོགས་པའི་སྣེ་ཁྲིད་དེ་ཨུ་ཟ་བྷེ་ཁི་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡར་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་དུ་སྤེལ་རེས་ཚོགས་པས《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཨུ་ཟ་བྷེ་ཁི་སི་ཐན་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་པ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་ཁེ་མར·སའེ་དབྱི་ཏུའོ་ཕུའུ་དང་། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲེར་ཙུའོ་ཏེ·ལཱ་པི་ཡེ་ཧྥུ། ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དབྱི་ཁེ་ལཱ་མུའུ·མུའུ་སི་ལི་མོ་ཧྥུའུ་བཅས་དང་མཇལ་འཛོམས་གནང་བ་རེད། ཨེ་ཙེ་ཨོ་ཕི་ཡ་རུ་སྤེལ་རེས་ཚོགས་པས《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཨ་ཧྥེ་རི་ཁའི་ཀློག་པ་པོའི་མཉམ་སྤྱོད་ཚོགས་འདུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོར་ཞུགས་པ་མ་ཟད། ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའི་རྒྱལ་དོན་པུའུ་ཀྲང་པོ་ཧ་ནུའུ·ཐེ་སི་ཀའེ་ཡེ་དང་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་མི་དམངས་འཐུས་མི་ཁང་གི་ཕྱི་འབྲེལ་དང་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏི་མ·ནེ་ཀེ་ཝོ་རྣམ་གཉིས་དང་མཇལ་འཛོམས་གནང་བ་རེད།

    འཚམས་འདྲི་གནང་རིང་། སྤེལ་རེས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་འགོ་འཛུགས་སར་བྱས་ཏེ་ཨུ་ཟ་བྷེ་ཁི་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་བྱས་ཏེ“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་ཆེན་པོ་དྲུག་དང“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུའི”སྒྲོམ་གཞིའི་འོག་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་མཉམ་ལས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་དོན་དངོས་ཀྱི་རྨང་གཞི་དང་འོད་སྟོང་འཕྲོ་བའི་མདུན་ལྗོངས་གསལ་བཤད་གནང་བ་རེད། དེ་དང་ཆབས་ཅིག་སྤེལ་རེས་ཚོགས་པས་ཨུ་ཟ་བྷེ་ཁི་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མིག་སྔའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འཕྲད་པའི་འགྲན་སློང་ཐད་ལྟ་སྟངས་བརྗེ་རེས་གནང་བ་མ་ཟད། ཨུ་ཟ་བྷེ་ཁི་སི་ཐན་དང་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་རང་རྒྱལ་དང་མཐུན་སྒྲིལ་མཉམ་ལས་བྱས་པར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ཨ་ཁེ་མར·སའེ་དབྱི་ཏུའོ་ཧྥུའུ་ཡིས《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་མཉམ་ལས་ཀྱི་དོན་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཁག་ཚང་མར་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་རང་འདེམས་བྱེད་པའི་དབང་ཆ་ཡོད། དེ་ནི་ཀྲུང་གོའི་ལག་ལེན་ཉམས་མྱོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་བློ་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།