དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་ཁི་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོར”དམིགས་ནས་བགྲོ་གླེང་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་22ཉིན། ཕ་ཁི་སི་ཐན་དབྱི་སི་ལམ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི‘ཀྲུང་གོའི་ལོ’སྟེ‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་གཏོང་བའི”བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཕ་ཁི་སི་ཐན་ཕྱོགས་ཀྱི་ཚོགས་ཞུགས་དཔོན་རིགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་བྱས་རྗེས་ཧུར་ཐག་བཞག་པར་བསྔགས་བརྗོད་བྱས་པ་མ་ཟད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཡུན་རིང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་དེ་བས་མང་བ་འབུལ་ཐུབ་རེ་བྱེད་བཞིན་ཡོད་ཅེས་བརྗོད།

    ཕ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མཐུན་སྦྱོར་བ་ཧྥེར་ཧ་ཐེ·ཨའེ་ཧྲ་ཡིས། “2025ལོ་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལོ་རྒྱུས་ཐོག་གསལ་པོར་བཀོད་ངེས་རེད། གང་ལགས་ཤེ་ན་ལོ་དེར་ཀྲུང་གོས་བྱས་རྗེས་ཧུར་ཐག་བཞག་པ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་བརྟེན་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་མཁན་གྱི་ལམ་སྲོལ་གལ་ཆེན་ཞིག་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གནས་བབ་བརྟན་དུ་ཕྱིན་ཡོད”ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཧྭ་ཧྲི་སྨི་ཡིས། འདྲ་མཉམ་གླེང་མོལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་ཤིག་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གལ་ཆེའི་རང་བཞིན་ཉིན་བཞིན་ཆེ་རུ་ཕྱིན་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགག་རྩའི་ནུས་པ་བཏོན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།