དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ངའི་ཁྱིམ་མཚེས་གཡོད་ཧན·ལཱ་པེ”ཞེས་པའི་འགྲེམས་སྟོན་འཇར་མན་དུ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-26

    ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་གྲོང་ཁྱེར་ཧན་པའོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་ཆེད། “ངའི་ཁྱིམ་མཚེས་གཡོད་ཧན·ལཱ་པེ”ཞེས་པའི་འགྲེམས་སྟོན་ཉེ་དུས་འཇར་མན་དུ་འགོ་ཚུགས་ཤིང་། ཀྲུང་གོ་དང་འཇར་མན་གྱི་ལས་རིགས་ཁག་གི་འཐུས་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ནས་འཇར་མན་གྱི་གྲོགས་པོ་གཡོད་ཧན·ལཱ་པེར་རྗེས་དྲན་ཞུས་པ་རེད།

    འགྲེམས་སྟོན་ཐོག་རྩ་ཆེའི་ཚད་ལྡན་ཡིག་ཆ་དང་། “སྤེལ་རེས་རྣམ་པའི་གྲངས་འཛིན་གཟུགས་བརྙན”སོགས་ཀྱི་ཐབས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ལྗོངས་རྣམ་སླར་གསོ་བྱས་པ་དེ་ཁྱོན་བསྡོམས“ཧན་པའོ་རུ་སྐྱེས་པའི་ཁྱེད་རང”དང“ཚེ་སྲོག་སྲུང་མཁན” “《ལཱ་པེ་ཡི་ཉིན་ཐོ》བསྐྱར་དུ་ཐོན་པ”ཞེས་པ་སོགས་སྡེ་ཚན་11ཏུ་དབྱེ་ནས་ལཱ་པེ་ཡི་མི་ཚེའི་ཤུལ་ལམ་དང་མི་ཆོས་རིང་ལུགས་ཀྱི་བྱས་རྗེས་ལ་ཕྱིར་ལྟ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།