དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ཟོག་གི་འོས་སྦྱོར་བྱེད་སྒོ་ཀོང་ཀྲོའུ་རུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-26

    ཟླ་8ཚེས་23ཉིན། “མཛེས་སྡུག་ལྡན་པའི་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ། བོད་ལྗོངས་ཉིང་ཁྲིའི་ཞིམ་ཟས་ཀྱི་སྟོན་མོར་རོལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཉིང་ཁྲིའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འོས་སྦྱོར་བྱེད་སྒོ་ཀོང་ཀྲོའུ་འཛད་སྤྱོད་རོགས་སྐྱོར་གྱི་འགྲེམས་སྟོན་འདུ་ཚོགས་སུ་གཉེར་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཁེ་ལས་ཀྱི་འཐུས་མིས་ས་ཆ་དེ་གའི་ཚོང་ཟོག་ཉོ་མཁན་གྲོང་མིར་སྤོ་བོ་རྫོང་གི་ཁྱད་ལྡན་ཞིང་ཟོག་ཐོན་ཡུལ་གྱི་ཁོར་ཡུག་དང་། སྤུས་རྟགས་ཀྱི་དགེ་མཚན། དེ་བཞིན་ཐོན་ལས་ཀྱི་རིན་ཐང་བཅས་ངོ་སྤྲོད་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་པས་ཚང་མར《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་དཀར་ཆག》ངོ་སྤྲོད་བྱས་ཤིང་། དཀར་ཆག་ནང་ཇ་ལོ་དང་། ནགས་ཁྲོད་ཤ་མོ། བོད་ཕག ཀུ་ཤུ་སོགས་རིགས་ཆེ་གྲས་8ཀྱི་ཞིང་ཟོག་སྣ་ཁ་781བསྡུས་ཡོད་པ་དག་ཞིང་ཟོག་མཁོ་སྤྲོད་འཁོར་འབྲེལ་གྱི་གཉེར་སྐྱོང་བྱེད་པོ་108ལ་ཁྱབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།