དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཤིས་ཀྱི་ཞིང་ཆེན་ནང་ཁོངས་སུ་སྨན་བཅོས་སྒྲིག་གཞི་གཞན་པའི་གློག་པར་ཕན་ཚུན་མཉམ་སྤྱོད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-25

    གསར་འགོད་པར་ཧྲན་ཤིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཧྲན་ཤིས་ཀྱིས་སྨན་བཅོས་གྲངས་འཛིན་གློག་པར་གྱི་སྤྲིན་ཚོམ་ལས་སྟེགས་སྐྲུན་རྒྱུར་སྐུལ་འདེད་མྱུར་པོ་བཏང་བར་བརྟེན། མིག་སྔར་ཆ་རྐྱེན་དང་མཐུན་པའི་རིམ་པ་གཉིས་པའམ་དེ་ཡན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་276དབར་ལས་སྟེགས་འབྲེལ་མཐུད་ཐུབ་པ་དེ་ཐོག་ནས་ཧྲན་ཤིས་ཞིང་ཆེན་ནང་ཁོངས་སུ་སྨན་བཅོས་སྒྲིག་གཞི་གཞན་པའི་གློག་པར་ཕན་ཚུན་མཉམ་སྤྱོད་ཐུབ་སྟེ་ནད་པས་རང་ཉིད་ཀྱི་གློག་པར་དུས་ཐོག་ཏུ་ལྟ་ཐུབ་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་དེས་སྨན་བཅོས་སྒྲིག་གཞིའི་དབར་གྱི་ཆ་འཕྲིན་གྱི་འགོག་རྐྱེན་བསལ་བ་དང་སྨན་བཅོས་སྒྲིག་གཞིའི་དབར་གློག་པར་བརྟག་དཔྱད་ཀྱི་གནས་ཚུལ་ཕན་ཚུན་མཉམ་སྤྱོད་ཐུབ་ནས། དགོས་མེད་ཀྱི་བརྟག་དཔྱད་བསྐྱར་ཟློས་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཉུང་དུ་གཏོང་ཐུབ་ཡོད། གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལས་སྟེགས་དེས་དྲ་ཐོག་གི་བདེ་ཐང་གཱ་དང་འབྲེལ་མཐུད་ཀྱིས་གློག་རྡུལ་བདེ་ཐང་གཱ་སྤྱོད་པར་མཐུན་རྐྱེན་སྦྱར་བ་མ་ཟད། ནད་པའི་མཐའ་སྣེའི་བྱ་རིམ་ཆུང་ངུའང་ལས་སྟེགས་དེར་བཀོད་སྒྲིག་བྱས་ཡོད། གོམ་སྟབས་རྗེས་མར་ལས་སྟེགས་དེ་ཆ་རྐྱེན་དང་མཐུན་པའི་གཞི་རིམ་སྨན་བཅོས་སྒྲིག་གཞི་དང་དམངས་གཉེར་སྨན་བཅོས་སྒྲིག་གཞིར་རིམ་གྱིས་ཁྱབ་གདལ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།