དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རོགས་སྐྱོར་བྱ་ཆེད་སྟག་འཕུར་རུ་ཁག་གི་རུ་མི་ཉིས་སྟོང་ལྷག་ཙམ་གྱིས་རྩ་ཆེའི་ཚེ་སྲོག་བློས་གཏོང་བྱས་པ།

    “ལོ་རྒྱུས་དེ་ནི་ང་ཚོ་མཉམ་དུ་མདུན་སྐྱོད་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཤིག་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  པའེ་ཙི་ཝེ། ཀྲང་ཁྲེ། ཅང་ཧྥུང་། ཁྲེན་ཅུན་དབྱི།   |     སྤེལ་དུས།  2025-08-25


    འདི་ནི་སྟག་འཕུར་རུ་ཁག་གི་རུ་མིའི་མཉམ་པར་ཡིན་པ། ཁོ་པི་སི་པར་རིས་ཁང་གིས་མཁོ་འདོན་བྱས། (བརྙན་པར་ཀྲུང་གོ)

    འདི་ནི་ཟླ་7ཚེས་8ཉིན། ཧྲང་ཧའེ་སུང་ཆིང་ལིང་སློབ་གྲྭའི་སློབ་མའི་མཉམ་གཞས་ཚོགས་པས“དཔའ་བོ་བློ་ལ་ངེས། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་སྟག་འཕུར་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར《མཛའ་གྲོགས་ཇི་སྲིད་བར་དུ་གནས》ཞེས་པའི་གླུ་དབྱངས་ལེན་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་པའེ་ཙེ་ཝེས་པར་བརྒྱབ།

    འདི་ནི་ཟླ་7ཚེས་8ཉིན། ཨ་རིའི་ལྟ་སྐོར་བས་ཧྲང་ཧའེ་ཧོང་ཧྥུའུ་རིག་གནས་ལྟེ་གནས་སུ“དཔའ་བོ་བློ་ལ་ངེས། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་སྟག་འཕུར་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་པའེ་ཙེ་ཝེས་པར་བརྒྱབ།

    འདི་ནི་2024ལོའི་ཟླ་3ཚེས་11ཉིན། ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཁན་ནུང(གཡོན)དང་ཁོང་གི་བཟའ་ཟླས་ཨ་རིའི་ཉིའུ་གཡོད་དུ“ཀོང་ཤིས་ནས་ཀྲུང་ཨའི་མཛའ་གྲོགས་མངོན”ཞེས་པའི་པར་རིས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ། ཀྲོའུ་ཧོན་ཤིན་གྱིས་པར་བརྒྱབ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    འདི་ནི་སྟག་འཕུར་རུ་ཁག་གི་དམག་མི་རྒན་གྲས་མའེ་ཁེ་མ་ལུན(གཡས་ཀྱི་དང་པོ)གྱིས་ཁུན་མིང་གི་སྟག་འཕུར་རུ་ཁག་གི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་རྗེས“ལོ་ངོ་80སོང་ནས་ཁུན་མིང་ལ་ཡོང་དུས་དེང་རབས་ཀྱི་ཁུན་མིང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་བྱུང་། དངོས་གནས་ཡག་པོ་འདུག”ཅེས་པའི་དྲན་འཆར་འགོད་བཞིན་པ། ཁུན་མིང་སྟག་འཕུར་རུ་ཁག་དྲན་གསོ་ཁང་གིས་པར་མཁོ་འདོན་བྱས།

    འདི་ནི་གནམ་གྲུ་ཞིག་ཀུའེ་ཀྲོའུ་ཆན་ཤར་ལྷོ་མིའུ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཧོང་ཕིང་ཅིའུ་ཀྲོའུ་གནམ་ཐང་ནས་འཕུར་བཞིན་པ།

    འདི་ནི་ཟླ་7ཚེས་28ཉིན། ཧུའུ་པེ་ཧུང་ཨན་རྫོང་ལི་ཞན་ཉན་ཕ་ཡུལ་གྱི་དྲན་གསོ་ཁང་དུ་ཨ་རིའི་སྟག་འཕུར་རུ་ཁག་གི་གཞོན་ནུ་ལོ་ཆུང་དབྱར་སྒར་གྱི་ཁོངས་མི་བརྒྱ་ཙམ་གྱིས་སྟག་འཕུར་རུ་ཁག་གི་རུ་མི་ཀེ་ལུན·པེང་ཉི་ཏ་ཡི་བང་སོའི་མདུན་དུ་མེ་ཏོག་འབུལ་བ། ཁྲིན་ཅི་དང་ཁྲིན་ཧྲའོ་ཀྲེས་པར་བརྒྱབ་པ། (བརྙན་པར་ཀྲུང་གོ)

    ཟླ་7ཚེས་8ཉིན། “དཔའ་བོ་བློ་ལ་ངེས། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་སྟག་འཕུར་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་ཧྲང་ཧའེ་ཧོང་ཧྥུའུ་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་དང་། ཧྲང་ཧའེ་སུང་ཆིང་ལིང་སློབ་གྲྭའི་སློབ་མའི་མཉམ་གཞས་ཚོགས་པས་འགོ་ཚུགས་མཛད་སྒོར《མཛའ་གྲོགས་ཇི་སྲིད་བར་དུ་གནས》ཞེས་པའི་གླུ་དབྱངས་བླངས་པ་རེད།

    སྟག་འཕུར་རུ་ཁག་ནི་ལོ་ངོ་80ལྷག་ཙམ་གྱི་གོང་དུ་ཀྲུང་གོའི་རི་འགོག་གཡུལ་སའི་དམིགས་བསལ་གྱི་མཁའ་དབྱིངས་དམག་འཐབ་དཔུང་ཁག་ཅིག་རེད། དཔུང་ཁག་དེའི་འཕུར་སྐྱོད་པ་མང་ཆེ་བ་ཨ་རི་ནས་ཡིན་ཞིང་། ཁོང་ཚོས་ཀྲུང་གོའི་དམག་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་རི་པིན་དམག་ལ་རྒོལ་ལན་ཐེངས་མང་བསློགས་པས། རི་པིན་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་མཁའ་དབྱིངས་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་ཚོས་ད་དུང“རྔ་ནོག་མཁའ་ལམ”ཞེས་འབོད་པའི་མཁའ་དབྱིངས་ཀྱི་སྲོག་རྩ་བཏོད་ནས་སྐབས་ཤིག་རིང་ཀྲུང་གོས་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་པའི་རྒྱལ་སྤྱིའི་བགྲོད་ལམ་ནུས་ལྡན་འབའ་ཞིག་ཏུ་གྱུར་ཡོད།

    “སྔོན་ཆད་ལ་ཕྱིར་དྲན་བྱས་ན། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རི་པིན་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དགྲ་ལ་མཉམ་སྡང་གིས་ཁྲག་དྲོན་གྱི་ཚོད་བགམ་ཐེག་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད” 2023ལོའི་ཟླ་9ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་སྟག་འཕུར་རུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་མའེ་ཁེ་མ་ལུན་ལ་འཕྲིན་ལན་སྤྲིངས་ནས“དུས་སྐབས་གསར་པའི་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དུས་སྐབས་གསར་པའི་སྟག་འཕུར་རུ་ཁག་གི་ཁོངས་མི་ཞུགས་དགོས་ལ་རྒྱབ་སྐྱོར་ཡང་བྱེད་དགོས། སྟག་འཕུར་རུ་ཁག་གི་སྙིང་སྟོབས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད”ཅེས་ནན་བཤད་གནང་བ་རེད།

    1944ལོར་སྟག་འཕུར་རུ་ཁག་ནང་ཞུགས་པའི་མྱོང་ཚོར་གླེང་སྐབས་མོ་ཡེར་ལ་ད་དུང་བག་ཆགས་གསལ་པོ་ཡོད། སྐབས་དེར་དམག་འཐབ་ཀྱི་ལས་འགན་གཞན་དག་བསྒྲུབས་མ་ཐག་པའི་མོ་ཡེས་ཁྱིམ་དུ་ལོག་པའི་གདམ་ག་བྱེད་ཆོག་མོད། “འོན་ཀྱང་དམག་དཔོན་ཁྲེན་ནཱ་ཏེ་ཡི་བཀོད་འདོམས་འོག་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་དམག་འཐབ་བྱེད་འདོད་འདུག་པས་ཀྲུང་གོར་ཡོང་བ་ཡིན་ཞེས་བཀོད་འདོམས་དཔོན་ལ་བརྗོད་པ་ཡིན”ཞེས་མོ་ཡེས་བཤད་པ་དང་། ཁོང་གིས“ང་ཚོ་དང་ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཞུམ་མེད་ངང་དགྲ་བོ་དང་དམག་འཐབ་བྱས་ནས་ཀྲུང་གོའི་མི་དམངས་ཀྱི་ཁྱིམ་གཞིས་བསྲུངས་པ་དེ་ནི་ངའི་མི་ཚེའི་ཁྲོད་ཀྱི་མྱོང་བ་གལ་ཆེ་ཤོས་དེ་ཡིན”ཞེས་བཤད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྔ་ནོག་མཁའ་འགྲུལ་ལམ་ཐིག་ཐོག་འཕུར་སྐྱོད་པ་ཚང་མ་འཕུར་ཐེངས་གསུམ་རེར་སྲོག་རེ་ཤོར་གྱི་ཡོད། རི་འགོག་དམག་འཁྲུག་གི་སྐབས་སུ། སྟག་འཕུར་རུ་ཁག་གི་རུ་མི་2000ལྷག་ཙམ་གྱིས་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་མཁའ་དམག་གི་དཔོན་དམག་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་མཁན་སྟག་འཕུར་རུ་ཁག་གི་དཔའ་བོ་ཚོས་ཚེ་སྲོག་ལེགས་སྐྱེས་ཕུལ་བ་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པ་སེམས་ལ་བརྟན་པོར་ངེས་ཡོད། ཉེན་ཁ་འཕྲད་པའི་སྟག་འཕུར་རུ་ཁག་གི་རུ་མི་200ལྷག་ཙམ་ཀྲུང་གོའི་མི་དམངས་ཀྱིས་བསྐྱབས་པ་དང་ཀྲུང་གོའི་དམག་དམངས་ཆིག་སྟོང་ལྷག་ཙམ་གྱིས་རོགས་སྐྱོབ་ཀྱི་བྱ་སྤྱོད་ཁྲོད་ཚེ་སྲོག་ལེགས་སྐྱེས་ཕུལ་ཡོད། ཀེ་ལིན་གྱིས་གསར་འགོད་པར། ཡོ་རོབ་ཀྱི་གཡུལ་ས་དང་བསྡུར་ན། ཨ་རིའི་འཕུར་སྐྱོད་པས་ཀྲུང་གོའི་མཁའ་ཁོངས་ནང་གདུགས་མཆོང་བྱས་རྗེས་མི་དམངས་སྐྱོབ་ཚད་དེ་བས་མཐོ་བ་ཡོད། ཟས་གོས་ཀྱིས་ཕོངས་རུང་ཀྲུང་གོའི་མི་དམངས་ཀྱིས་བཟའ་བཅའ་དང་སྨན་ཡག་ཤོས་ཚང་མ་དཀའ་ངལ་གྱི་གནས་སུ་གྱར་བའི་སྟག་འཕུར་རུ་ཁག་གི་ཁོངས་མིར་སྦྱིན་ཡོད།

    2002ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལོ་རྒྱུས་ཀྱི་དྲན་ཤེས”ཞེས་པའི་པར་རིས་དངོས་རྫས་འགྲེམས་སྟོན་ཆེ་གྲས་ཨ་རིའི་རྒྱལ་ས་ཝ་ཧྲེང་ཐོན་དུ་གཉེར་ཞིང་། ཨ་ཀྲུང་གི་དམག་མི་རྒན་གྲས་བརྒྱ་ལྷག་ཙམ་དེའི་ནང་ཞུགས་པ་རེད།

    “1995ལོར་སྟག་འཕུར་རུ་ཁག་གི་དམག་མི་རྒན་གྲས་ཁག་གཅིག་གདན་ཞུས་ལྟར་ཀྲུང་གོར་ཡོང་ནས་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་། སྐབས་དེར་ང་སྟག་འཕུར་རུ་ཁག་སྐོར་གྱི་དངོས་མཚོན་པར་གཞི་ཞིག་བཟོ་བའི་ནང་ཞུགས་བཞིན་ཡོད་ལ་སྐལ་བ་བཟང་པོ་བྱུང་ནས་ཁོང་ཚོ་དང་མཉམ་དུ་ལས་ཀ་བསྒྲུབས་པ་མ་ཟད། སྟག་འཕུར་རུ་ཁག་གི་དམག་མི་རྒན་གྲས་མང་པོ་དང་གྲོགས་པོ་བཟང་པོའང་ཆགས་པ་དང་། དེ་རྗེས་ང་རང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་བཙུགས་པ་ཡིན། སྟག་འཕུར་རུ་ཁག་གི་དམག་མི་རྒན་གྲས་སྔར་བས་མང་བ་ཀྲུང་གོར་ལོག་ནས་ས་ཆ་མང་པོར་སྐྱོད་པ་དང་བལྟ་ཐུབ་པར་བྱ་རྒྱུའི་རེ་བ་ཡོད”ཅེས་ཀེ་ལིན་གྱིས་བཤད།

    “སྟག་འཕུར་རུ་ཁག་དང་འདྲ་བར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཆེད་ཕན་བདེ་བསྐྲུན་པ་མ་ཟད་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་བྱས་པའི་མཉམ་ལས་ཀྱི་གཏམ་རྒྱུད་དེ་བས་མང་བ་ང་ཚོས་རྩོམ་དགོས། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལོ་ངོ་80ཡི་གོང་དུ་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་ང་ཚོས་ལག་གདང་སྦྲེལ་ན་མཉམ་ལས་བྱེད་ཐུབ་པ་མ་ཟད་བྱ་གཞག་གང་རུང་ཁྲོད་དུའང་གྲུབ་འབྲས་ལེན་ཐུབ་ཅེས་པའི་ལོ་རྒྱུས་ཀྱི་ཁྱབ་བསྒྲགས་བྱས་ཡོད། ལོ་རྒྱུས་དེ་ནི་ང་ཚོ་མཉམ་དུ་མདུན་སྐྱོད་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཤིག་རེད”ཅེས་ཀེ་ལིན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།