ཀྲུང་གོའི་འདུ་ཤེས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལ་རྒྱལ་ཁབ་སྔར་བས་མང་བས་ཤེས་རྟོགས་དང་ཁས་ལེན་བྱས་དང་བྱེད་མུས་ཡིན་པ་དང་། དེ་ལས་ཀྲུང་གོ་འཕེལ་རྒྱས་ཀྱི་མཚན་ཉིད་རིག་པར་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྱུང་འགྱུར་ཇི་ལྟར་གཏོད་རྒྱུར་དཔེ་མཚོན་ཞིག་བསྟན་ཡོད།
ཀྲུང་གོས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཏོན་པ་དེས་རང་ངོས་འཕེལ་རྒྱས་ཀྱི་རྣམ་པ་བསྐྱར་དུ་བཏོད་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་རྒྱུར་འདུ་ཤེས་ཀྱི་ཁྲིད་སྟོན་དང་ལག་ལེན་གྱི་སྒྲོམ་གཞི་ཞིག་བཏོན་ཞིང་། འདུ་ཤེས་དེས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ལྷག་པར་དུ་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་བློ་སྒོ་འབྱེད་པ་དང་ཇུས་གཞི་བཏོན་ཡོད།
ཨ་ཧྥེ་རི་ཁར་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་སློང་གཉིས་ཧ་ཅང་མངོན་གསལ་དོད་པོ་ཡོད། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱིས་ཨ་ཧྥེ་རི་ཁའི་རྒྱུན་མཐུད་ཆོག་པའི་ཐོན་ཁུངས་དོ་དམ་དང་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བའི་གྲོས་འགོ་སོགས་ལ་བརྟེན་ནས་ཀྲུང་གོས་ཨ་ཧྥེ་རི་ཁས་ལྗང་མདོག་གི་རྨང་གཞིའི་འཛུགས་སྐྲུན་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་ཁྱབ་སྤེལ། སྐྱེ་ཁམས་མ་ལག་སླར་གསོ་བཅས་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཀྲུང་གོའི་འདུ་ཤེས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འགྲོ་བར་སྲིད་ཇུས་ཀྱིས་ཁྲིད་སྟོན་ནུས་ལྡན་བྱས་པས་ལྷོ་ལྷོའི་ཤེས་བྱ་སྤེལ་རེས་དང་དཔལ་འབྱོར་སྐྱེ་ཁམས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད།
ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་སྐྱེ་ཁམས་མ་ལག་ཆ་ཚང་པོ་ཡོང་བ་བྱ་རྒྱུ་དེ་ཡུན་རིང་འཕེལ་རྒྱས་གཏོང་བའི་གཞི་རྩར་བརྩིས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། ཐཱན་ཉུང་འཕེལ་རྒྱས། སྤུས་ཚད་མཐོ་པོས་འཕར་རྒྱུ་བཅས་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་རེ་འདོད་ལྡན་ཡོད། འདུ་ཤེས་ཐད་མཐུན་སྦྱོར་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། འཁོར་རྒྱུག་དཔལ་འབྱོར། འབྱུང་འཕྲོད་དངུལ་རྩ། དེ་བཞིན་གནམ་གཤིས་ཀྱི་སྲིད་ཇུས་སོགས་ཁྱབ་ཁོངས་ཐད་ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་དམིགས་ཚད་ལ་དམིགས་ཏེ་སྲིད་ཇུས་ཀྱི་གསར་གཏོད་ལ་སྐུལ་འདེད་བཏང་ནས་མཐུན་སྦྱོར་གྱི་ཕན་འབྲས་མངོན་འགྱུར་བྱུང་ཡོད། ཡོ་རོབ་དང་ཀྲུང་གོའི་ཁོར་ཡུག་དང་གནམ་གཤིས་ཐད་མཐོ་རིམ་དབར་སྐད་ཆ་ཤོད་རེས་བྱ་རྒྱུ་དེ་ཕྱོགས་གཉིས་པོས་འབྲེལ་ཡོད་སྤེལ་རེས་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་པོས་རིག་ཇུས་ཚོགས་པ་དང་། ལས་རིགས་མཐུན་ཚོགས། ཁེ་ལས་སོགས་ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། 《ཕ་རི་སིའི་གྲོས་ཆོད》སྒྲོམ་གཞིའི་འོག་གི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འཇར་མན་དང་ཀྲུང་གོས་གནམ་གཤིས་དང་ཁོར་ཡུག་བཅོས་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་བྱས་པར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་སྲིད་ཇུས་གླེང་མོལ་དང་། ལག་རྩལ་མཉམ་ལས། ནུས་པ་འཛུགས་སྐྱོང་བཅས་གཏིང་ཟབ་ཏུ་བཏང་སྟེ། ཐཱན་འབུད་དབང་ཆའི་ཉོ་ཚོང་དང་། ནུས་ཁུངས་གྲོན་ཆུང་དང་གྲོང་ཁྱེར་གྱི་ཐཱན་ཉུང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཐད་མཉམ་ལས་བྱས་ཡོད། ཆིང་ནུས་ཁྱབ་ཁོངས་སུ་འཇར་མན་གྱི་ལག་རྩལ་གྱི་ཁྱད་ཡོན་དང་ཀྲུང་གོའི་བཟོ་ལས་ཀྱི་ཐོན་ནུས་དབར་གསབ་རེས་ནུས་ལྡན་ཞིག་ཆགས་ཡོད། འབྲེལ་ཡོད་ཀྱི་མཉམ་ལས་བྱས་པ་ལས་རྒྱལ་ཁབ་གཉིས་པོས་ནམ་ཟླ་ཐེག་ནུས་དང་གོ་ལ་ཧྲིལ་པོ་ཐཱན་ཉུང་གི་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གྱི་ཕྱོགས་སྒྱུར་གང་མགྱོགས་ཡོང་བའི་ཐུན་མོང་གི་ཆོད་སེམས་མཚོན་ཡོད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལ་རྒྱལ་ཁབ་སྔར་བས་མང་བས་ཤེས་རྟོགས་དང་ཁས་ལེན་བྱས་དང་བྱེད་མུས་ཡིན་པ་དང་། དེ་ལས་ཀྲུང་གོ་འཕེལ་རྒྱས་ཀྱི་མཚན་ཉིད་རིག་པར་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྱུང་འགྱུར་ཇི་ལྟར་གཏོད་རྒྱུར་དཔེ་མཚོན་ཞིག་བསྟན་ཡོད།
(རྩོམ་པ་པོ་ནི་འཇར་མན་པེར་ལིན་རང་དབང་སློབ་ཆེན་གྱི་མཁས་དབང་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོར་ཡུག་སྲུང་སྐྱོང་གི་བློ་འདོན་པ་ཡིན)
འབྲེལ་ཡོད་གསར་འགྱུར།