ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་གྲགས་པར་གཞིགས་ན། ད་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་དང་ཁྲལ་གྲོན་གྱི་རྒྱབ་སྐྱོར་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་པར་རམ་འདེགས་བྱས་ཡོད། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་གསར་ཤོས་ལས་མངོན་པར། ལོ་སྟོད་དུ་མཚོ་སྔོན་གྱི་ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་ནས་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་4.4%འཕར་ཏེ་ཞིང་ཆེན་ཡོངས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་བརྒྱ་ཆའི་གྲངས་1.9འཕར་བར་སྣེ་ཁྲིད་ཐུབ་ཡོད།
འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བ། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་འཕར་ཚད་10.5%ཟིན་ནས་ཞབས་ཞུའི་ལས་རིགས་བརྒྱ་ཆའི་གྲངས་5.2འཕར་བར་སྣེ་ཁྲིད་ཐུབ་ཡོད། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་མངོན་པ་དང་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པའི་སྣེ་ཁྲིད་འོག་ཁྱིམ་སྤྱོད་གློག་ཆས་དང་། བརྒྱ་ཟོག ཁྱིམ་ཚང་མཛེས་བཟོ། རླངས་འཁོར་སྦག་སྦག་བཅས་ཀྱི་བྲིན་ཚོང་ཁྱབ་ཁོངས་ཆེན་པོ་བཞིའི་ཡོང་འབབ་སྒོར་དུང་ཕྱུར་21ཟིན་པ་དང་། གཏེར་ཁའི་ཐོན་རྫས་དང་། འཛུགས་སྐྲུན་རྒྱུ་ཆ། རྫས་འགྱུར་བཟོ་ལས་ཐོན་རྫས་སྡེབ་ཚོང་ལས་རིགས་བཅས་ཀྱི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་62ཙམ་ཟིན་ནས་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད།
ཚན་རྩལ་ཞབས་ཞུའི་འདེགས་སྐྱོར་གྱི་ནུས་པ་ཆེ་བ། ཚན་རྩལ་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་13.2%འཕར་བ་དེ་ཞབས་ཞུའི་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་8.7གྱིས་མཐོ་བ་ཡོད། རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གནད་སྨིན་དང་ལག་ལེན་ཤུགས་ཆེན་བསྟར་བར་བརྟེན། ནུས་རྒྱུ་གསར་པ་དང་ཁོར་ཡུག་སྲུང་སྐྱོང་སོགས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ངེས་གནས་དང་འཚམ་པའི་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་ཡོང་འབབ་53%འཕར་ཡོད། འདུས་གྲུབ་གློག་ལམ་ཇུས་འགོད་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུ་སོགས་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་ཆ་སྙོམས་14%འཕར་བ་དང་མཐོ་ཤོས་31%ཟིན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྒུལ་ནུས་གསར་པ་བསྣན་ཡོད།
འཁོར་རྒྱུག་མ་ལག་ནུས་ཆེའི་ངང་ཤར་བགྲོད་ཐུབ་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་བོགས་གཏོང་ཚོང་དོན་གྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་ཆ་སྙོམས་12%འཕར་ཏེ་ཞབས་ཞུའི་ལས་རིགས་ཁྲོད་བཟུང་བའི་བསྡུར་ཚད་14.2%བར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།