རིག་གནས་ཡུལ་སྐོར་གྱི་བརྙན་ཐུང《བཀྲ་ཤིས་བདེ་ལེགས》ཞེས་པ་བོད་ལྗོངས་རྟེན་མཛོད་ཁང་དུ་པར་ལེན་འགོ་ཚུགས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རིག་གནས་ཡུལ་སྐོར་གྱི་བརྙན་ཐུང《བཀྲ་ཤིས་བདེ་ལེགས》ཞེས་པ་བོད་ལྗོངས་རྟེན་མཛོད་ཁང་དུ་པར་ལེན་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་སུ་འབུལ་བའི་བརྙན་ཐུང་བརྩམས་ཆོས་ཤིག་ཡིན་པའི《བཀྲ་ཤིས་བདེ་ལེགས》ཞེས་པ་འཆར་གཞི་ལྟར་ན་ཟླ་8པར་པར་ལེན་མཇུག་འགྲིལ་རྒྱུ་དང་། སྔོན་དཔག་བྱས་ན་ཟླ་10པར་དྲ་ཐོག་ཏུ་བསྟན་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བརྙན་ཐུང་དེའི་ནང་བཀྲ་ཤིས་དང་། བདེ་ལེགས། སྒྲོལ་མ་བཅས་གཞོན་ནུ་ལོ་ཆུང་གསུམ་གྱི་རིག་གནས་རྟོག་ཞིབ་འགྲུལ་བཞུད་དེ་ནང་དོན་གཙོ་བོར་བྱས་ཏེ། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ལ་ལྟ་སྐོར་དུ་བསྐྱོད་པ་དང་འབྲེལ། རྟོག་ཞིབ་བྱེད་རིང་། འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་གཏམ་རྒྱུད་ཤེས་རྟོགས་བྱས་ནས་ལོ་ངོ་སྟོང་ཕྲག་རིང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་མངོན་པར་བྱས་པ་མ་ཟད། ད་ དུང་ཞིབ་ཚགས་པའི་དོན་བརྗོད་དང་འགྲུལ་སྐྱོད་ཀྱི་རྣམ་པའི་ཐོག་ནས་ལྟད་མོ་བར་སྐར་མ་ཁ་ཤས་ནང་བོད་ལྗོངས་གསར་པ་འདི་ཉིད་ཇི་མ་ཇི་བཞིན་དུ་མྱོང་རོལ་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།