དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མེ་སྟག་ཆུང་ངུ”ནས“མེ་ལྕེ་རབ་ཏུ་འབར་བའི”བར་གྱི་འགྱུར་ལྡོག

    གངས་ལྗོངས་ས་མཐོར་ནམ་ཡང་ཉམས་པ་མེད་པའི་ཁུང་ཧྥན་སེན་གྱི་སྙིང་སྟོབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-25

    ཡུལ་དུས་ལས་བརྒལ་བའི་སྙིང་སྟོབས་ཤིག་གིས་བོད་སྐྱོར་ལས་བྱེད་པ་མང་པོས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ཁེ་གྲགས་མེད་པར་ལས་དོན་བསྒྲུབ་རྒྱུར་སྐུལ་མ་གཏོང་བཞིན་ཡོད།

    ལོ་30ལྷག་ཙམ་རིང་། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་ཀྱི་ཚད་ཤིང་ཡིན་པའི་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱིས་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁྲི་1.2ཙམ་གྱིས་བོད་དུ་གཞི་ཚུགས་ནས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རང་ཉིད་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལེགས་སྐྱེས་སུ་འབུལ་རྒྱུར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད།

    1980ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནས་2024ལོའི་བར། ཀྲུང་དབྱང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་25707.26བཏང་སྟེ་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། 2013ལོ་ནས་2024ལོའི་བར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་དེ་བཞིན་ཀྲུང་དབྱང་ཁེ་ལས་ཀྱིས་འཆར་གཞིའི་ནང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་506.2བཀོད་སྒྲིག་བྱ་རྩིས་ཡོད་ཀྱང་དངོས་སུ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་545.2བཀོད་སྒྲིག་བྱས་ནས་བོད་ཀྱི་དམངས་འཚོ་འགན་སྲུང་དང་། ཐོན་ལས་རོགས་སྐྱོར། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས། རིག་སྟོབས་རོགས་སྐྱོར་སོགས་ཐད་སྤྱད་པའི་ཁྲོད་ནས་མ་དངུལ་བརྒྱ་ཆ་བརྒྱད་ཅུ་ཡན་གཞི་རིམ་གྱི་དམངས་འཚོར་བཏང་ཡོད།

    ཁུང་ཧྥན་སེན་གྱི་སྙིང་སྟོབས་ནི་བོད་སྐྱོར་ལས་བྱེད་པའི་བསམ་པའི་ཀ་རྟེན་དུ་བྱེད་པ།

    ཁུང་ཧྥན་སེན་ནི་བོད་སྐྱོར་ལས་བྱེད་པའི་ཕུལ་བྱུང་འཐུས་མི་ཞིག་ཡིན་པ་སྨོས་མེད་རེད། ཁོང་བོད་ལ་ལས་ཀ་བྱེད་པར་ཐེངས་གཉིས་ཕེབས་པ་དང་། ཐེངས་གཅིག་བོད་དུ་བཞུགས་རིང་མངའ་རིས་ས་ཁུལ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ཤིང་། ཁོང་གིས་མངའ་རིས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཕེབས་མྱོང་ཡོད་པ་དང་། ལམ་ཐག་སྤྱི་ལེ་ཁྲི་8ལྷག་ཙམ་ཟིན་ནས་མང་ཚོགས་དང་བརྩེ་བ་ཟབ་མོ་ཆགས་ཡོད།

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དུ་ཁུང་ཧྥན་སེན་གྱི་སྐོར་གླེང་སྐབས། ལོ་78ལ་སླེབས་པའི་གམ་པ་རྫོང་ལུང་རོང་ཤང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཐར་ཆུང་གིས“རྒན་རབས་པ་ཚོས་ཁོང་བརྗེད་མི་སྲིད”ཅེས་བཤད། སྐབས་དེ་དུས་ཁུང་ཧྥན་སེན་གྱིས་དར་རྒྱས་ཆུས་ཁོངས་ཀྱི་ས་མ་འབྲོག་ཁུལ་དུ་ཆུ་བེད་ཀྱི་སྒྲིག་ཆས་དཀོན་པས། གནམ་ཆུ་ཁོ་ནར་བརྟེན་ནས་ཞིང་ཆུ་གཏོང་དགོས་སྟབས་འབྲུ་རིགས་ཀྱི་ཐོན་འབབ་ཧ་ཅང་ཉུང་ཉུང་རེད། གནས་ཚུལ་དེ་མཁྱེན་རྗེས་ཁུང་ཧྥན་སེན་གྱིས་དེ་གར་ཞུགས་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་ཐུགས་ཐག་བཅད་དེ་ཆུ་ཡུར་ཞིག་གང་མགྱོགས་བསྐྲུན་པས་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད།

    བསམ་པའི་གནས་ཚད་ལས་སྙིང་སྟོབས་ཀྱི་མེ་སྟག་མཆེད་པ།

    2025ལོའི་ཟླ་6པའི་ཟླ་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པའི་ནང“ལོ་བཞིའི་གོང་ཀ་ལ་གྲོང་ཚོར་ཡོང་བའི་གནས་ཚུལ་དྲན་གསོ”གནང་བའི་བཀའ་མོལ་ལས། གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ལ་སླར་ཡང་རྒྱལ་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད། “བཀོད་པ་མཛེས་ཤིང་གཙང་བ་དང་། སྤྲོ་སེམས་འཁོལ་ཞིང་བབ་ཆགས་པའི”ཀ་ལ་གྲོང་ཚོས་ད་ཆ་རང་ཉིད་ཀྱི་བཀྲག་མདངས་འཚེར་བའི་འཕེལ་རྒྱས་ཀྱི་སྟོན་གྲངས་ཤིག་བསྟན་པ་སྟེ། 2024ལོར་ཀ་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་700ལས་བརྒལ་ཏེ་2021ལོ་ལས་བཅུ་ཆ་བཞི་འཕར་བ་དེ་ཡིན། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་འདི་ཀོང་ཏུང་བོད་སྐྱོར་ལས་བྱེད་པས་རྒྱུན་མཐུད་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་ཚུལ་ཚིག་གཅིག་ནང་བསྡུས་ཏེ་བཤད་ཡོད།

    2013ལོའི་གོང་དུ། ཀ་ལ་གྲོང་ཚོ་རྒྱལ་ལམ་318ཀྱི་རླངས་འཁོར་འགྲོ་འོང་བྱེད་མང་སར་གནས་ཀྱང་ལོ་ལྟར་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་5ཡང་ཟིན་གྱི་མེད། 2014ལོར་ཀོང་ཏུང་གི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ནས་བརྟག་དཔྱད་བྱས་རྗེས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་བཏོན་པ་སྟེ། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་བསྐྲུན་པ་དང་ཡུལ་སྐོར་མཉམ་ལས་ཁང་ཡང་རིམ་པས་བཙུགས་པས། ཁམ་བུའི་མེ་ཏོག་གི་དཔལ་འབྱོར་དང་ཡུལ་སྐོར་གྱི་ཡོང་འབབ་མཉམ་དུ་འཕེལ་རྒྱས་བརྟན་པོ་བྱུང་ཡོད།

    བོད་དུ་ཀ་ལ་གྲོང་ཚོ་དང་འདྲ་བའི་འགྱུར་ལྡོག་གང་སར་མཐོང་རྒྱུ་ཡོད་པ་སྟེ། གློག་ཁང་དང་པོ་དང་། དེང་རབས་ཀྱི་སློབ་ཆུང་དང་པོ། སྨན་ཁང་དང་པོ་སོགས“དང་པོ”མང་པོ་ཐོན་པ་དེ་དག་བོད་སྐྱོར་རྣམ་གྲངས་དང་བོད་སྐྱོར་ལས་བྱེད་པ་དང་ཁ་འབྲལ་ཐབས་མེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་སར་བོད་སྐྱོར་ལས་བྱེད་པས་སྔར་བཞིན་མདུན་གྲལ་དུ་བསྐྱོད་ཡོད། བོད་ཀྱི་རྫོང་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་རེད།

    སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལོ་30ལྷག་ཙམ་རིང་། ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་སྨན་བཅོས་རིགས་གཅིག་མཁས་ཅན་2000ཙམ་གྱིས་ལག་རྩལ་དཔེ་གསར་4400ལྷག་ཙམ་འཁྱེར་ཡོང་ནས་སྟོང་ཆ་2500ལྷག་ཙམ་བསབས་ཏེ། “ནད་ཆེན་ཁག་400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། ནད་འབྲིང་ཁག་2000ལྷག་ཙམ་རང་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ། རྒྱུན་མཐོང་གི་ནད་ཆུང་རང་རྫོང་ནས་སྨན་བཅོས་ཐུབ་པ”བཅས་བྱུང་ནས་བདེ་ཐང་འགན་སྲུང་གི་དྲ་བ་ཞིག་ཆགས་ཏེ་ས་མཐོའི་མང་ཚོགས་ཀྱི་ཚེ་སྲོག་བརྟན་པོར་བསྲུངས་ཡོད།

    སློབ་གསོ་ནི་དུས་ཐོག་གི་སྦྲང་ཆར་ཟིལ་མ་ཞིག་དང་འདྲ། 2022ལོ་ནས་བཟུང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་མང་པོ་ཞིག“ཕྱིར་སྐྱོད་པའི”སྦྲེལ་ཟམ་ལ་བརྟེན་ཏེ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་འཚོལ་བར་གཞོལ་ཡོད།

    རྣམ་གྲངས་སྐྱེལ་བ་ནས་ཉམས་མྱོང་སློབ་པའི་བར་དང་། “གཞན་བརྟེན”ནས“རང་བརྟེན”བར། དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་འཕེལ་རྒྱས་བྱུང་སྟེ། བོད་སྐྱོར་ལས་བྱེད་པས་ས་མཐོའི་བུ་ཕྲུག་དང་མཉམ་དུ་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་ཞིག་སྤྲད་ཡོད།

    མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་འཕེལ་བར་བྱས་པ།

    ཐོན་ལས་འཕེལ་རྒྱས་སོང་བས་ལས་རིགས་སྣ་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས“ཤིང་འབྲས་དང་སྔོ་ཚལ་གྱི་ལོ་གསུམ་བྱ་སྤྱོད”ལག་ལེན་བསྟར་ནས་དུས་ཐུང་ལོ་གསུམ་ནང་ཤིང་འབྲས་དང་སྔོ་ཚལ་གྱི་འདེབས་ཁྱོན་མུའུ་ཁྲི་2.08བར་རྒྱ་བསྐྱེད་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3.5བར་འཕར་ནས་སྔོན་མའི་ཐང་རྒོད་དེ“གངས་ལྗོངས་ཀྱི་སྔོ་ཚལ་ལྡུམ་རར”གྱུར་ཡོད།

    མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ཧོ་པེའི་བོད་སྐྱོར་ལས་བྱེད་པས“ཁུ་ལུ་དཀར་པོའི་རའི”ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གསོ་ཚགས་ཀྱི་རྟེན་གཞི་བསྐྲུན་པ་དང་རྒྱ་བསྐྱེད་དུ་བཏང་བས། ཁུ་ལུའི་ཐོན་རྫས་གསལ་འབྱེད་དང་། ཧབ་འཚོང་བཅས་ཀྱི་བྱེད་སྒོ་སྐབས་གསུམ་བསྟུད་མར་གཉེར་ཐུབ་ནས་རྫོང་ཡོངས་ཀྱི་འབྲོག་པ་93%ལ་ཕན་པ་ཐོབ་ཡོད།

    བོད་སྐྱོར་ལས་བྱེད་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལ་ཉེ་བཅར་ཡག་པོ་བྱེད་པའི་རྣམ་འགྱུར་ཐོག་ནས་སེམས་ནུས་ཡོད་རྒུ་ས་མཐོའི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཡོད།

    གྲངས་གཞི་ནི་བདེན་དཔང་ནུས་ལྡན་ཞིག་ཡིན།

    1995ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་56.1ཟིན་པ་དང་། 2024ལོར་སྒོར་དུང་ཕྱུར་2764.94བར་འཕར་ནས་ལོ་20ལྷག་ཙམ་ནང་བསྟུད་མར་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    2019ལོའི་ལོ་མཇུག་ཏུ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་74ཚང་མའི་དབུལ་ཞྭ་ཕུད་ནས། བོད་འདི་ཉིད་དབུལ་པོ་དབུལ་ནག་ལས་རྦད་དེ་བྲལ་ཐུབ་ཡོད།

    2024ལོར་བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་སོགས་རེད།

    འདི་ནི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྒུལ་ནུས་འཕེལ་བ་ལས་བྱུང་བ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་དེ་བས་ཀྱང་ཡིན།

    ཁྲའེ་ཐེང་ཧུའུ།

    འཁྲེང་སེམས་ཀྱི་མེ་ལྕེའི་འོད་སྣང་གང་སར་འཕྲོ་བར་བྱས་པ།

    1994ལོའི་དགུན་ཁར། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་ཁུང་ཧྥན་སེན་དང་སྐབས་དེ་དུས་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཁྲའེ་ཐེང་ཧུའུ་རྣམ་གཉིས་རུ་ཐོག་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་སྐབས། གནམ་གཤིས་ཧ་ཅང་གྲང་ངར་ཆེ་བས་ལམ་བར་དུ་རླངས་འཁོར་གྱི་འཁོར་ལོ་གངས་གསོག་ནང་ཐེངས་བདུན་དིམ་པ་དང་། ཁུང་ཧྥན་སེན་གྱིས་དམག་མིའི་གྱོན་གོས་ཕུད་ནས་འཁོར་ལོའི་འོག་བཏིང་བས་རླངས་འཁོར་གཞི་ནས་དོན་ཐུབ་ཡོད། ཁྲའེ་ཐེང་ཧུའུ་ཡིས“སྐྱིད་སྡུག་མཉམ་མྱོང”ཞེས་པ་ཅི་ཞིག་ལ་ཟེར་བར་གོ་བ་ཐེངས་དང་པོ་ལོན་ཡོད།

    ཟླ་བ་གཅིག་གི་རྗེས་སུ་ཁུང་ཧྥན་སེན་གཞུང་དོན་དུ་སྐུ་གཤེགས།

    1995ལོ་ནས་བཟུང་ལོ་རེའི་ཟླ་11ཚེས་29ཉིན་ཁྲའེ་ཐེང་ཧུའུ་ཡིས་ཧྲན་ཏུང་ལེའོ་ཁྲེང་གི་ཁུང་ཧྥན་སེན་གྱི་བང་སོར་དུར་ཕྱག་བྱེད་པར་འགྲོ་གི་ཡོད། ཁོང་གིས“དོན་དག་གཞན་གྱི་ཆེད་དུ་མིན་པར་ང་ཚོས་ཁོང་ནམ་ཡང་མ་བརྗེད་པ་བྱེད་རྒྱུ་དེ་ཡིན”ཞེས་བཤད།

    ཁོང་གིས“མ་བརྗེད་པ”ཞེས་པའི་ཚིག་དེའི་དོན་དུ་ཁུང་ཧྥན་སེན་གྱིས་བོད་སྐྱོར་ཐེངས་དང་པོ་བྱ་ཡུལ་གམ་པ་རྫོང་དང་། ཡོམ་འགོག་གེགས་སེལ་བྱ་ཡུལ་མལ་གྲོ་གུང་དཀར་རྫོང་། སྐུ་གཤེགས་ཡུལ་ཤིན་ཅང་ཐོ་ལི་རྫོང་བཅས་ཚང་མར་བསྐྱོད་དེ་པར་ཁྲི་ལྷག་ཙམ་བརྒྱབ་པ་དང་ཡིག་འབྲུ་ཁྲི་བརྒྱའི་ཟིན་བྲིས་བྱས་མཐར《མངའ་རིས་སྐོར་གསུམ》དང་། 《ནམ་ཡང་གནས་པའི་ཁུང་ཧྥན་སེན》(དེབ་དང་པོ་དང་གཉིས་པ)དཔེ་སྐྲུན་བྱས་པ་མ་ཟད། བོད་ལྗོངས་དཔེ་མཛོད་ཁང་དང་མངའ་རིས་ས་ཁུལ་ཡིག་ཚགས་ཁང་སོགས་ཚན་པར་དཔེ་དེབ་3000ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད།

    བསྡོམས་རྩིས་ལ་གཞིགས་ན། ལོ་ངོ་30ཡི་རིང་ཁྲའེ་ཐེང་ཧུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར་10ལྷག་ཙམ་ལ་སྙན་ཞུ་ཐེངས་120ལྷག་ཙམ་བྱས་པར་ཉན་མཁན་ཁྲི་15ལྷག་ཙམ་ཟིན་ཡོད།

    ཁྲའེ་ཐེང་ཧུའུ་ཡིས“བཤད་པ་ཙམ”མ་ཟད། ད་དུང་ལག་ལེན་ཡང་བསྟར་བ་སྟེ། བསླུས་འཚོང་བྱས་པའི་བོད་རིགས་ཕྲུ་གུ་བསྐྱབས་པ་དང་ཁུང་ཧྥན་སེན་གྱི་གསོས་ཕྲུག་ཆོས་དབྱིངས་དང་དཀོན་མཆོག་རང་ཡུལ་གྱི་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་ཆེ་གྲས་དང་། མངའ་རིས་སྒར་རྫོང་དང་ལྷ་སའི་ལྷུན་གྲུབ་རྫོང་གི་མི་ཧྲེང་རྒན་རྒོན་ལ་འཚམས་འདྲིར་ཞུགས་རྒྱུར་རྒྱབ་སྐྱོར་ཡང་བྱས་ཡོད།

    ཁོང་གིས་ལོ་ངོ་30ཡི་འཕོ་འགྱུར་གྱི་གྲངས་གཞི་ལས་ཐད་ཀར་མངོན་ཐུབ་པ་སྟེ། 1994ལོར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3ཡང་ཟིན་མེད་པ་ནས་2024ལོར་སྒོར་དུང་ཕྱུར་180ལས་བརྒལ་བ་དང་། 1994ལོར་སེང་གེ་ཁ་འབབ་གྲོང་རྡལ་ལ་ས་རྡོ་ལམ་གཅིག་ལས་མེད་པ་ནས་ད་ཆ་གནམ་ཐང་དང་། ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ། བཀོད་པ་མཛེས་པའི་ཁྲོམ་གཞུང་བཅས་ལས་གྲུབ་པའི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པ་དང་། 1994ལོར་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་800ཡང་མ་ཟིན་པ་ནས་2024ལོར་སྒོར་ཁྲི་2ལས་བརྒལ་བ་སོགས་རེད།

    ལོ་ངོ་30ཡི་རིང་། ཁྲའེ་ཐེང་ཧུའུ་ཡིས་མི་ཞིག་ལ་འཁྲེང་སེམས་འཆང་བ་དེ་མི་ཁྲི་སྟོང་མང་པོའི་ལམ་སྟོན་དུ་འགྱུར་བར་བྱས་ཡོད།

    འཁྲེང་སེམས་ཀྱི་མེ་ལྕེའི་འོད་སྣང་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོར་འཕྲོས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    ཝང་ཨན་པང་།

    འདས་པོའི་ཕུགས་རེ་རྒྱུན་འཛིན་བྱེད་པའི་ལོ་ངོ་30ཡི་རིང་གི་མཆོང་སྐྱོད།

    1994ལོའི་ཟླ་11ཚེས་25ཉིན། དགུང་ལོ་50ལ་སླེབས་པའི་ཁུང་ཧྥན་སེན་གྱིས་རེ་འདུན་ཁག་12བྲིས་གནང་བ་སྟེ། གནམ་ཐང་སྐྲུན་པ་དང་། མཁའ་ལམ་བཟོ་བ། གློག་དྲ་སྦྲེལ་བ། མཐའ་མཚམས་ཚོང་དོན་འཕེལ་རྒྱས་གཏོང་བ། ཡུལ་སྐོར་འཕེལ་རྒྱས་གཏོང་བ། སློབ་གསོ་སྟོབས་ཆེར་གཏོང་བ། སྨན་བཅོས་ཆུ་ཚད་ལེགས་སུ་གཏོང་བ། སྐྱེ་ཁམས་སྲུང་བ་ལ་སོགས་རེད། ལོ་ངོ་30ཡི་རྗེས་སུ། གསལ་ཐོ་དེ“འཛམ་གླིང་ཡང་རྩེའི”བརྗིད་ཆེའི་རྒྱུགས་ལན་ཞིག་ཏུ་གྱུར་ཡོད།

    མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཨན་པང་གིས“བློ་མཐུན་ཁུང་ཧྥན་སེན་གྱིས་མངའ་རིས་ལ་གནམ་ཐང་སྐྲུན་དགོས་ཞེས་གསུངས་མྱོང་ཡོད། 2010ལོར་དགུན་ས་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་ལས་མངའ་རིས་ས་ཁུལ་དུ་མཁའ་འགྲུལ་སྐྱེལ་འདྲེན་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད”ཅེས་བརྗོད།

    ཝང་ཨན་པང་གིས“བློ་མཐུན་ཁུང་ཧྥན་སེན་གྱིས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ད་ཆ་སྤུ་ཧྲེང་འགག་སྒོའི་རྒྱལ་སྤྱིའི་རིམ་པ་དང་པོའི་གཞུང་ལམ་འགག་སྒོའི་ནུས་པ་སླར་གསོ་ཐུབ་ནས་སྨན་རྫས་ནང་འདྲེན་གྱི་མཐའ་མཚམས་འགག་སྒོར་གྱུར་ཡོད” མིག་སྔར་སྤུ་ཧྲེང་ཐང་དཀར་མཐའ་མཚམས་ཚོང་དོན་ཁྲོམ་རར་ཕྱི་རྒྱལ་གྱི་ཚོང་པ་228རྒྱུན་སྡོད་བྱེད་ཀྱི་ཡོད་ཅིང་། 2024ལོར་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་2740ཟིན་པ་དང་། 2025ལོའི་ལོ་སྟོད་དུ་སླར་ཡང་156%འཕར་ནས་ལོ་ངོ་སྟོང་གི་གནའ་ལམ་དེ“རྒྱལ་སྤྱིའི་བར་ཁྱམས”སུ་གྱུར་ཡོད་ཅེས་བརྗོད།

    ཝང་ཨན་པང་གིས“སྐབས་དེ་དུས་ཁུང་ཧྥན་སེན་གྱིས་སྨན་སྒམ་འཁྱེར་ནས་འབྲོག་ཁུལ་དུ་ཕེབས་ཀྱི་ཡོད། ད་ཆ་ཤང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད”ཅེས་ངོ་སྤྲོད་བྱས།

    ཁུང་ཧྥན་སེན་གྱི་ཞལ་ཆེམས་ནང“སྐྱེ་ཁམས་སྲུང་སྐྱོང་བྱས་ན་རྒྱུན་མཐུད་འཚོ་གནས་ཐུབ་ཀྱི་རེད”ཅེས་ནན་བཤད་གནང་ཡོད། ལོ་30ལྷག་ཙམ་རིང་། མངའ་རིས་ཀྱིས་སྐྱེ་ཁམས་ཤེས་དཔལ་དེ་འཕེལ་རྒྱས་ཀྱི་གཞི་རྒྱུའི་ནང་བཅུག་ནས་སྤྱི་ཕན་ནགས་ཚལ་མུའུ་ཁྲི་1288རྒྱལ་ཁབ་ཀྱི་བདག་སྐྱོང་བྱེད་ཁོངས་སུ་བཅུག་པ་དང་འབྲོང་ཁམ་པ་འཚོ་གནས་བྱེད་རྒྱ་མུའུ་ཁྲི་12.49བར་རྒྱ་ཆེར་བཏང་བ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་དང་དར་ཆེན་ཡུལ་སྐོར་ཚོང་འདུས་གྲོང་རྡལ་གྱི་ཁོར་ཡུག་བཅོས་སྒྲིག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་31བྱས་པ་དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་3.47བྱས་པས་བྱེ་ཐང་ལས་སྔོ་ལྗང་འབུས་ཡོད།

    “མི་ཞིག་གིས་དགའ་ཞེན་བྱེད་པའི་གོ་རྟོགས་མཐོ་ཤོས་ནི་མི་གཞན་ལ་དགའ་ཞེན་བྱེད་པ་དེ་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཞིག་གིས་དགའ་ཞེན་བྱེད་པའི་གོ་རྟོགས་མཐོ་ཤོས་ནི་མི་དམངས་ལ་དགའ་ཞེན་བྱེད་པ་དེ་ཡིན”ཞེས་པའི་ཁུང་ཧྥན་སེན་གྱི་དམ་བཅའ་དེ་མི་རབས་གསར་པའི་མངའ་རིས་བས་བྱ་སྤྱོད་དངོས་ནས་མཚོན་པར་བྱས་ཡོད། 2024ལོའི་ལོ་མཇུག་ཏུ། མངའ་རིས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5.8ལྷག་ཙམ་ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད། ས་ཁུལ་དང་རྫོང་རིམ་གཉིས་ཀྱིས་གསོ་རླུང་མཁོ་འདོན་བྱས་པ་དང་། རྫོང་ལྔ་ལ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་པ། རྫོང་བདུན་དུ་སྣུམ་སྣོན་ས་ཚིགས་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།