དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅི་ལིན་ཞིང་ཆེན་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-25

    ཉེ་ཆར། “ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཅི་ལིན་ཞིང་ཆེན་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་འགྲེམས་སྟོན་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཅི་ལིན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཅི་ལིན་ཞིང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཅི་ལིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། དེ་བཞིན་ཁྲང་ཁྲུན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་དང་། ཅི་ལིན་ཞིང་ཆེན་རྟེན་མཛོད་ཁང་གིས་སྒྲུབ་འགན་ཁུར་བ་ཞིག་རེད། འགྲེམས་སྟོན་གྱིས་ཧྲིལ་ལྗོངས་རྣམ་པའི་ཐོག་ནས་ཆིང་རྒྱལ་རབས་ཚུན་ཆད་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་བར་གྱི་ལོ་ངོ་300ལྷག་ཙམ་རིང་གི་ཅི་ལིན་ས་ཁུལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་རྣམ་པ་བརྗོད་ཡོད་ཅིང་། དེས་ཅི་ལིན་ཞིང་ཆེན་ལ་ལོ་མང་རིང་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་ཆེད་དོན་འགྲེམས་སྟོན་མེད་པའི་སྟོང་ཆ་བསྐངས་པ་རེད།

    “ང་ཚོས་འགྲེམས་ཁུལ་ཆེ་གྲས་དགུ་དང་ཚན་པ་28བརྒྱུད་ལོ་རྒྱུས་ཀྱི་པར་རིས་1200ལྷག་ཙམ་དང་། གྲངས་གཞིའི་རེའུ་མིག་70ལྷག་ཙམ། དངོས་རྫས(ཆ་ཚང)1000ལྷག་ཙམ་འགྲེམས་སྟོན་བྱས་ཏེ། ཅི་ལིན་ཞིང་ཆེན་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་བརྒྱུད་རིམ་ལྡན་པའི་ངང་འགྲེམས་སྟོན་བྱས་པ་པ་དང་། བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་ལོ་14རིང་གི་ཁྲག་བཏོན་དམར་འཛིང་གི་ལོ་རྒྱུས་གཙོ་གནད་ཐོག་བསྐྱར་མཚོན་བྱས་པ། རང་རྒྱལ་གྱི་རླངས་འཁོར་བཟོ་ལས་དང་། གློག་བརྙན་བྱ་གཞག མཁའ་འགྲུལ་བྱ་གཞག་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཕུལ་བའི་ཅི་ལིན་གྱི་ལེགས་སྐྱེས་བཅས་བརྗོད་ཡོད”ཅེས་ཅི་ལིན་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་སུང་ཝུའེ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཁྱོན་འགྲེམས་རྫས(ཆ་ཚང)ཆིག་སྟོང་ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་། འགྲེམས་རྫས(ཆ་ཚང)500ལྷག་ཙམ་ཡོངས་བསྒྲགས་སུ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་། རིག་དངོས་རྩ་ཆེན་མང་ཆེ་བ་ནི་ཅི་ལིན་ཞིང་ཆེན་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།