དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གངས་ལྗོངས་ས་མཐོ་སྔོ་ལྗང་དཔལ་གྱིས་བརྒྱན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-24

    ལོ་ངོ་60ཡི་རིང་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་གསར་འབྱེད་མདུན་སྐྱོད་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།

    བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་དེང་རབས་ཀྱི་ཚན་རིག་དང་མཐུན་པའི་འདུ་ཤེས་དཔྱད་གཞིར་བཟུང་བ་མ་ཟད། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྐྱེ་ཁམས་ཀྱི་བློ་གྲོས་དར་སྤེལ་ཡང་བཏང་ཡོད།

    མིག་སྔར། བོད་ཀྱི་རྩ་ཆེ་ལ་ཤིན་ཏུ་དཀོན་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོའི་རང་བཞིན་གྱི་འཕར་ཞིང་། གཙོད་ཀྱི་ཁྱུ་ཚོགས་གྲངས་འབོར་དུས་རབས་གོང་མའི་ཉུང་ཤོས་སྐབས་ཀྱི་ཁྲི་7ལྷག་ཙམ་ནས་ཁྲི་30ལྷག་ཙམ་བར་འཕར་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་2000ཟིན་ཙམ་ནས་ཁྲི་1ལྷག་ཙམ་བར་འཕར་བ། དེ་སྔ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོངས་ཟིན་པར་ངོས་འཛིན་བྱས་པའི་ཤྭ་བ་སེར་ཆེན་སླར་ཡང་ཐོན་པ་དང་། དང་ཐོག་མཐོང་སྐབས་མགོ་གྲངས་200ལྷག་ཙམ་ལས་མེད་པ་ནས་ད་ལྟ་མགོ་གྲངས་800ལྷག་ཙམ་ཟིན་ཡོད་པ་རེད།

    2005ལོར་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་འགོ་ཚུགས་ཚུན། བོད་ཀྱིས་ཡར་ཀླུང་གཙང་པོ་དང་འབྲི་ཆུ་སོགས་འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་རིམ་བཞིན་སྤེལ་ཡོད། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་47ཡོད་པར་བསྡོམས་རྒྱ་ཁྱོན་སྤྱི་ཆིང་ཁྲི་4121.61ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་33.35%བཟུང་ཡོད།

    ད་ལྟ། གཙང་གསུམ་ཆུ་འགོ(གདང་ལའི་བྱང་རྒྱུད་ས་ཁོངས)དང་། བྱང་ཐང་། ཇོ་མོ་གླང་མ། གངས་རིན་པོ་ཆེ། ཀའོ་ལི་ཀུང་རི་བོ(བོད་ལྗོངས་དུམ་བུ) ཡར་ཀླུང་གཙང་པོའི་རོང་ཆེན་བཅས་ཀྱི་དཔེ་མཚོན་ས་ཁོངས་6པོ་ཚང་མ《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞིའི》ནང་བཅུག་པ་དེས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་འདེམས་སྒུག་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་གྱི་36%ཙམ་བཟུང་ཞིང་། གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ“ཨང་དང་པོར”སླེབས་ཡོད་པ་དང་། དེའི་གྲས་ནས་སྤྱི་གླིང་1རྒྱལ་ཁབ་སྤྱི་གླིང་དུ་འཛུགས་ཆོག་པའི་ཆོག་མཆན་ཐོབ་པ་དང་། སྤྱི་གླིང་5འཛུགས་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་བར་ཕེབས་སྐབས“བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་ཏན་ཏིག་བྱེད་དགོས”ཞེས་གསུངས་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་96%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ་བརྒྱུད། 2024ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6389ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་746ཟིན་པ། ཁྱད་ལྡན་ཞིང་འབྲོག་ལས་སྐྱེད་སྲིང་བྱས་པ་བརྒྱུད། ནས་དང་། འབྲི་གཡག བོད་ཕག་སོགས་ལྗང་མདོག་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་ཐོག་ཀྲུང་གོས་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་བཏང་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2030ལོའི་གོང་དམའ་ཤོས་སུ་སླེབས་རྒྱུའི་བརྩོན་ལེན་བྱེད་པ་དང་2060ལོའི་གོང་ཐཱན་ཚད་སྙོམ་སྦྱོར་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    2024ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང(གྲོང་ཁྱེར་དང་ཆུས)7གྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་དངོས་འབོར་ཚད་དང་ཐཱན་བསྡུས་གསོག་ཚད་ཀྱི་ཚད་འཇལ་དང་དབྱེ་ཞིབ་སྙན་ཞུ་དང་། ཐཱན་ཚད་སྙོམ་སྦྱོར་གྱི་སྲ་ཐཱན་གྱི་གཏིང་ཤུགས་དཔྱད་དཔོག་སྙན་ཞུའི་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ལེགས་སྒྲུབ་བྱས་ཤིང་། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། ཉིང་ཁྲིའི་ཐཱན་གསོག་ཚད་ཀྱི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར་2169.48ཙམ་ཟིན་ཡོད།

    2025ལོའི་ཟླ་3པར་ལྷོ་རི་བྱང་རིའི་སྔོ་འགྱུར་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག ཉམས་མྱོང་ལ་ཕྱོཌ་སྡོམ་དང་གྲུབ་འབྲས་སྲ་བརྟན་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དང་ཐོག་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་ཏང་གི་འགོ་ཁྲིད་ཀྱི་དོན་སྙིང་གལ་ཆེན་གང་ལེགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།