དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་ཧུར་ཐག་བྱས་ཏེ།

    “ལྷོ་ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་འདེགས་སྐྱོར་བྱས་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཙའུ་སུང་།   |     སྤེལ་དུས།  2025-08-24

    ཉེ་ཆར། ལྷོ་ཨ་ཧྥེ་རི་ཁའི་རྨོ་ཕ་ཉི་ལས་རིགས་ལག་རྩལ་སློབ་གླིང་གི་ན་གཞོན་དགེ་རྒན་མུའུ་ཁ་ཝ་ཧྲུའུ་དང་སློབ་མ་བཅུ་གྲངས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་དབྱིན་ཏི་ལཱ་ལག་རྩལ་ཚད་ལེན་ཚོད་ལྟ་ལྟེ་གནས་སུ་དོན་སྙིང་ལྡན་པའི་གཟའ་འཁོར་གཅིག་བསྐྱལ་ཞིང་། ཀྲུང་གོའི་དགེ་རྒན་གྱི་མཛུབ་ཁྲིད་འོག ཁོང་ཚོས་གྲངས་འཛིན་འཁོར་སྟེགས་ཀྱི་དངོས་སྦྱོང་སློབ་ཚན་ཐོག་རྩ་གསུམ་དཔེ་འཛུགས་ནས་ལྷུ་ལག་ལས་སྣོན་བར་གྱི་བརྒྱུད་རིམ་ཧྲིལ་པོ་སློབ་སྦྱོང་བྱས་པ་དང་འབྲེལ་བཀོལ་སྤྱོད་ཀྱང་བྱས་པ་རེད།

    མུའུ་ཁ་ཝ་ཧྲུའུ་ཞུགས་པའི་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་གྱི་གྲངས་འཛིན་ལས་སྣོན་རྩལ་ནུས་གསོ་སྦྱོང་རྣམ་གྲངས་དེ་2024ལོའི་ཟླ་3པར་ལག་ལེན་བསྟར་འགོ་ཚུགས་པ་དང་། རྣམ་གྲངས་དེ་ནི་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་སློབ་གསོ་དང་གསོ་སྦྱོང་པུའུ་ཡིས་ལྷོ་ཨ་ཧྥེ་རི་ཁའི་ཀྲུང་གོའི་རིག་གནས་དང་རྒྱལ་སྤྱིའི་སློབ་གསོ་སྤེལ་རེས་ལྟེ་གནས་དང་། ཧང་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་། ཀྲེ་ཅང་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་བཅས་དང་མཉམ་དུ་ལག་ལེན་བསྟར་བ་དང་། ལྷོ་ཨ་ཧྥེ་རི་ཁའི་ས་གནས་མང་པོའི་སློབ་གླིང་དང་སློབ་གྲྭ་10ཡི་དགེ་རྒན་བརྒྱ་གྲངས་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། རྣམ་གྲངས་དེས་ཀྲུང་གོའི་གྲངས་འཛིན་འཁོར་སྟེགས་ནང་འདྲེན་དང་ཀྲུང་གོའི་ལས་རིགས་སློབ་གསོའི་དགེ་རྒན་ལྷོ་ཨ་ཧྥེ་རི་ཁར་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱེད་པར་མངགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱས་ཡོད།

    ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ལས་རིགས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། 2030ལོར་སླེབས་སྐབས་ལས་རིགས་ལག་རྩལ་རིགས་ཀྱི་སློབ་གླིང་གི་སློབ་ཞུགས་མི་གྲངས་ཁྲི་250ཟིན་པའི་དམིགས་ཚད་བཏོན་ཡོད། ཀྲུང་གོ་ཕྱོགས་དང་ལྷོ་ཨ་ཧྥེ་རི་ཁ་ཡིས་ལས་སྟེགས་མང་པོ་དང་ཁྱབ་ཁོངས་མང་པོར་ལས་རིགས་སློབ་གསོའི་ཐད་མཉམ་ལས་ཧུར་ཐག་བྱས་ཤིང་། ཧང་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་ནས་ཡིན་པའི་ལི་ཅ་ཉིང་ལྷོ་ཨ་ཧྥེ་རི་ཁར་གྲངས་འཛིན་འཁོར་སྟེགས་གསོ་སྦྱོང་རྣམ་གྲངས་ཀྱི་གཙོ་ཁྲིད་དགེ་རྒན་ལོ་གཉིས་བསྟུད་མར་བྱས་ཡོད། ཁོང་གིས་སློབ་མ་ཚོའི་སློབ་སྦྱོང་བྱེད་སེམས་ཆེན་པོ་འདུག་ལ་སློབ་སྦྱོང་བྱེད་ནུས་ཀྱང་ཆེན་པོ་འདུག་ཅེས་བརྗོད། ལྷོ་ཨ་ཧྥེ་རི་ཁའི་ཀྲུང་གོའི་རིག་གནས་དང་རྒྱལ་སྤྱིའི་སློབ་གསོ་སྤེལ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་ཀྲི་ལེ་ཡིས་བལྟས་ན། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་ཡིན་པ་རེད།

    གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ནུས་རྒྱུ་ནི་ལྷོ་ཨ་ཧྥེ་རི་ཁའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་རེད་ལ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའང་ཀྲུང་ལྷོ་ལས་རིགས་སློབ་གསོ་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ལྔའི་རིང་ཀྲུང་གོའི་ཁེ་ལས་དང་ལྷོ་ཨ་ཧྥེ་རི་ཁའི་སློབ་གྲྭ་མང་པོས་མཉམ་དུ་གྲངས་གཞི་ཆེན་པོ་དང་། གློག་རྡུལ་ཚོང་དོན། མི་ཐབས་རིག་ནུས། སྤྲིན་རྩིས་སོགས་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་གསོ་སྦྱོང་གཞི་ཁྱོན་མི་ཐེངས་1500ལས་བརྒལ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་འཛུགས་སྐྲུན་དང་འཁོར་རྒྱུག་བདག་སྐྱོང་བྱེད་པའི་རླུང་ཤུགས་དང་འོད་ཤུགས་སོགས་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་དང་ཀྲུང་གོའི་ཁེ་ལས་མི་ཉུང་བས་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གླིང་གི་སློབ་མ“སྔོན་མངགས”བྱས་ཡོད། རྣམ་གྲངས་བརྒྱུད་དེ་དངོས་སྦྱོང་དང་ཀྲུང་གོར་ཟབ་སྦྱོང་བྱེད་པར་མངགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལྷོ་ཨ་ཧྥེ་རི་ཁའི་ལག་རྩལ་ཤེས་ལྡན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་བཞིན་ཡོད།

    ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་སློབ་གསོ་དང་གསོ་སྦྱོང་པུའི་སྤྱི་ཁྱབ་སི་ཀྲང་གཞོན་པ་སཱ་མོར·ཙུན་ཀུའུ་ཀྲུང་གོའི་ས་ཆ་མང་པོར་རྟོག་ཞིབ་བྱེད་པར་བསྐྱོད་མྱོང་ཡོད། ཁོང་གིས་ཀྲུང་གོའི་ལས་རིགས་སློབ་གསོའི་འཕེལ་རྒྱས་གྲུབ་འབྲས་དག་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་རིགས་སློབ་གསོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།