དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕན་ནུས་ལྡན་པའི་པར་ཀྲུང་མཉམ་ལས་ཀྱིས་འབོ་གསེར་ལམ་སྲོལ་ལ་གསོན་ཤུགས་འཕེལ་ཡོད”

    —— པར་ཙིར་ཙུང་ཐུང་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ལུའུ་དབྱི·ཁོ་སི་ཐཱ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུང་དབྱི་རན།   |     སྤེལ་དུས།  2025-08-24

    “པར་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་པ་དེ་འབོ་གསེར་ལམ་སྲོལ་གྱིས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད”པར་ཙིར་ཙུང་ཐུང་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ལུའུ་དབྱི·ཁོ་སི་ཐཱ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། པར་ཙིར་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གྲོས་གཞིར་མཐོང་ཆེན་པོ་བྱེད་ཀྱི་ཡོད། 2025ལོའི་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་པར་ཙིར་ཕྱོགས་ཀྱིས་ལྗང་མདོག་མཉམ་ལས་དེ་འབྲེལ་ཐག་ཏུ་བརྩིས་ནས་པར་ཀྲུང་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ“འབོ་གསེར་མཉམ་ལས་ཆེན་པོར”འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་བ་སྣོན་འདོད་ཡོད་ཅེས་བརྗོད་པ་རེད།

    ཁོ་སི་ཐཱ་ཡིས་བལྟས་ན། ཉེ་བའི་ལོ་ཤས་རིང་པར་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ནུས་རྒྱུ་གསར་པ་དང་། རྨང་གཞིའི་སྒྲིག་བཀོད། ལག་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཏན་ཏིག་དང་ཟབ་ཏུ་བཏང་བ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཐུན་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ཐད་ཀྱི་རེ་སྒུག་ལ་ལན་བཏབ་པ་ཞིག་ཀྱང་རེད། “ང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་གྲོས་མཐུན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁེ་ལས་དེ་བས་མང་བས་པར་ཙིར་དུ་མ་འཇོག་བྱས་ནས་བྱ་གཞག་དར་སྤེལ་གཏོང་རྒྱུའི་ཡིད་དབང་བཀུག་པ་དང་ཆབས་ཅིག པར་ཙིར་གྱི་ཁེ་ལས་ཕྱིར་བསྐྱོད་ནས་ཀྲུང་གོའི་ཁྲོམ་ར་གསར་འབྱེད་བྱས་ཏེ་པར་ཀྲུང་ཕྱོགས་གཉིས་པོའི་མ་འཇོག་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་ཁུ་སི་ཐཱ་ཡིས་བརྗོད།

    ཁོ་སི་ཐཱ་ཡིས། པར་ཙིར་ལ་ནུས་རྒྱུ་གཙང་མ་དང་སྐྱེ་དངོས་འབུད་ཤིང་ཐད་ལེགས་ཆ་ལྡན་པ་དང་པར་ཀྲུང་ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བས་པར་ཙིར་དུ་མ་འཇོག་བྱས་ནས་བཟོ་གྲྭ་བཙུགས་ཏེ་ས་གནས་དེ་གའི་ཐོན་སྐྱེད་རྒྱ་ཆེར་བཏང་བ་ལས་སྒྲིག་ཆས་དང་མ་རྩ་ཁྱེར་ཡོད་པ་མ་ཟད། ཐག་གཅོད་ཇུས་གཞི་དང་འབྲེལ་ཡོད་ལག་རྩལ་མ་ལག་ཆ་ཚང་ཞིག་ཀྱང་ཁྱེར་ནས་པར་ཙིར་ལ་རེས་སྐོར་གསར་པའི་ཐོན་ལས་འཕོ་འགྱུར་ཁྲོད་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ལྡན་ཡོད། ཁོ་སི་ཐཱ་ཡིས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་སློབ་གསོའི་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་དམིགས་སུ་བཀར་ནས་བརྗོད་པ་སྟེ། “ལག་རྩལ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་མ་ལག་ཆ་ཚང་ལྡན་དགོས་པ་དང་ཤེས་ལྡན་པ་ནི་དེའི་ནང་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན”ཁོང་གིས། པར་ཙིར་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་ཁང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གསར་དར་ཐོན་ལས་ལ་ཞབས་འདེགས་ཞུ་མཁན་ཤེས་ལྡན་པ་ཐུན་མོང་ཐོག་གསོ་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད།

    ཁོ་སི་ཐཱ་ཡིས་ཀྲུང་གོས་བཏོན་པའི“ལྗང་མདོག་འབོ་གསེར”འཛུགས་སྐྲུན་གྱི་འདོད་ཚུལ་ལ་བསྔགས་བརྗོད་བྱས་པ་དང་། ལྗང་མདོག་མཉམ་ལས་ནི་པར་ཙིར་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁ་ཕྱོགས་ཡིན་པ་མ་ཟད། འབོ་གསེར་ལམ་སྲོལ་གྱི་གོང་བུ་སྒྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “འབོ་གསེར་ལམ་སྲོལ་རྒྱ་སྐྱེད་བཏང་རྗེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཚོན་བྱེད་རང་བཞིན་དང་བྱ་སྤྱོད་སྤེལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། ཕན་ནུས་ལྡན་པའི་པར་ཀྲུང་མཉམ་ལས་ཀྱིས་འབོ་གསེར་ལམ་སྲོལ་གྱི་གསོན་ཤུགས་འཕེལ་བ་མ་ཟད། ལམ་སྲོལ་དེར་མུ་མཐུད་གཏན་འཁེལ་རང་བཞིན་དང་སྒུལ་ཤུགས་གསར་པ་དེ་བས་མང་བ་བསྣན་ནས་རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན”ཞེས་ཁོ་སི་ཐཱ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།