དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ཀྱིས་རྨོ་ཞིང་སྲུང་སྐྱོང་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-24

    ཉིན་ཤས་གོང་། ཀོང་ཤིས་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཉམ་དུ《རྨོ་ཞིང་སྲུང་སྐྱོང་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་སྐོར་གྱི་བརྡ་ཐོ》བཀྲམ་ནས་དུས་བཀག་ལྟར་གྲོས་མོལ་དང་། ཆ་འཕྲིན་འབྲེལ་མཐུད། ཆེད་མིས་ཆེད་མངགས་དོ་དམ། མཉམ་སྐྲུན་དང་མཉམ་དུ་དོ་དམ་སོགས་རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་སྡེ་ཚན་གྱི་བཀག་རྒྱ་མེད་པར་བཟོས་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཉམ་དུ་དོན་འཁྱོལ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོས་མོལ་གྱི་ནང་དོན་ཐད། སྡེ་ཚན་གཉིས་ཀྱིས་རྨོ་ཞིང་སྲུང་སྐྱོང་དང་། ས་ཞིང་འཛུགས་སྐྲུན། ཞིང་ལས་འཕེལ་རྒྱས་སོགས་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་ཡིག་ཆ་གསར་ཤོས་ཀྱི་ཆ་འཕྲིན་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་ཐད་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དུས་བཀག་ལྟར་བརྡར་གཅོད། གྲངས་གཞི་མཉམ་སྤྱོད་དང་མཉམ་འགུལ་གྱི་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཛུགས་པ། ཁྲིམས་འགལ་སྒྲིག་འགལ་ངང་གཞི་རྩའི་ས་ཞིང་ཡུན་རིང་བཟུང་སྤྱོད་བྱས་ནས་ནགས་ཚལ་དང་ཤིང་ཏོག་ལས་རིགས་འཕེལ་རྒྱས་གཏོང་བ་སོགས་དཔེ་མཚོན་གྱི་གནད་དོན་དུས་བཀག་ལྟར་བརྡ་ཁྱབ་གཏོང་བ། ཆུས་བཙུགས་པའི་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་འབྲེལ་ཡོད་དཔྱད་ཞིབ་དམིགས་ཚད་ལ་མཉམ་འབྲེལ་གདེང་འཇོག་བྱེད་པ་བཅས་བྱ་རྒྱུ་ཡིན་ཞིང་། ལམ་སྲོལ་དེའི་ནང་ད་དུང་གྲོས་གཞི་བསྡུ་རུབ་དང་། ཚོགས་འདུ་སྒྲིག་འཛུགས། ཚོགས་འདུའི་གོ་རིམ། མཐུན་སྦྱོར་སྐུལ་འདེད་སོགས་ཀྱི་ལས་ཀའི་བརྒྱུད་རིམ་གཏན་འབེབས་ཁ་གསལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།