དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ།

    2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་246.34ཟིན་ནས་1990ལོ་ལས་ལྡབ་82.51འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-24

    ཚེས་19ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལོ་ངོ་60ཡི་རིང་གི་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ལྟེ་བའི་ལས་འགན་ལ་དམིགས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“ཁུལ་ལྔ”འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། གྲངས་གཞི་ལས་མངོན་པར། 2024ལོར་ནག་ཆུ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་246.34ཟིན་ནས་1990ལོ་ལས་ལྡབ་82.51འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་138.44ཟིན་ནས་1990ལོ་ལས་ལྡབ་460.47འཕར་བ། སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་40.47ཟིན་ནས་1990ལོ་ལས་ལྡབ་50.01འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55499ཟིན་ནས་1990ལོ་ལས་ལྡབ་30.62འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20099ཟིན་ནས་1990ལོ་ལས་ལྡབ་47.81འཕར་བ་བཅས་རེད།

    སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་ལ་འཐབ་རྩོད་དང“ཡིད་རྟོན་འཛུགས་པའི”འགག་སྒྲོལ་སོགས་ཀྱི་བྱ་སྤྱོད་སྤེལ་བ་དང་། ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་དང་རྙོག་འཛིང་ཆེ་བའི་གྱོད་དོན་གཙང་སེལ་ཐུབ་ནས་མང་ཚོགས་བློ་ཡིད་ཚིམ་ཚད་དང་བདེ་འཇགས་ཚོར་སྣང་99.5%ཡན་རྒྱུན་མཐུད་ཐུབ་ཡོད།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་ཁག་6བཏོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་དང་དཔེ་བཟང་མི་སྒེར་27བདམས་ཐོན་བྱུང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་ཁག་26བསྐྲུན་པ་བཅས་བྱས་ཡོད།

    སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ས་བབ་ཀྱི་ལེགས་ཆར་གཞིས་ཚུགས་ནས་ནག་ཆུ་གྲོང་ཁྱེར་གྱིས་སྨྲི་ཏི་ཁ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བྱང་ཐང་ས་ཁོངས་སོགས་སྐྱེ་ཁམས་བྱེད་ནུས་ཁུལ་འཛུགས་གཏོད་བྱས་ནས། རང་བྱུང་སྲུང་སྐྱོང་ཁུལ་ཁག་18ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་22.34ཟིན་ཏེ་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི་51.7%ཟིན་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་མུའུ་ཁྲི་711.12བྱས་པར། རིམ་རྩིས་བརྒྱབ་ན་ཤིང་སྡོང་སྣ་ཚོགས་རྐང་ཁྲི་60.04བཏབ་ནས་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50.36%བར་མཐོ་རུ་ཕྱིན་པ། གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་ལོ་བཅུའི་གོང་ལས་5%ཡན་འཕར་བ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.5%ཡན་ལ་སླེབས་པ། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་སྤུས་ཚད་རིགས་Шཡི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་རེད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་ཁག་བདུན་པ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད།

    དམངས་འཚོའི་བདེ་རྩ་ལེགས་སུ་ཤུགས་ཆེན་ཕྱིན་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁག་462བསྐྲུན་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི“ལྟེ་གནས་ཆེན་པོ་ལྔ”བསྐྲུན་ནས་སྤྱོད་འགོ་ཚུགས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་པ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་གཉིས་ཀ་98%ལས་བརྒལ་བ་བཅས་རེད།

    རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གཞུང་ལམ་དང་ལྕགས་ལམ་ཁ་ཕྱོགས་མང་པོར་སྣུར་སྲིང་ཐུབ་པ་དང་། སྣུམ་རླངས་དང་། འོད་སྐུད། གློག་ཤུགས་བཅས་གང་སར་ཁྱབ་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་ཁག་12887བསྐྲུན་པ་དང་། རྫོང(ཆུས)གི་གློག་དྲ་གཙོ་བོ་དང་། 4Gབརྡ་རྟགས་དང་དྲ་ཆེན་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལ་ཡོངས་སུ་ཁྱབ་པ། གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་3.57ཟིན་པ་བཅས་རེད།

    ཐོན་ལས་རིམ་སྤོར་དང་གྲོང་གསེབ་དར་རྒྱས་གཏོང་བར་མཉམ་དུ་འབད་བརྩོན་བྱས་ཤིང་། ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི་127.68ཟིན་པ་དང་། རིམ་རྩིས་བརྒྱབ་ན་དྲ་ཐོག་གློག་གཏོང་ཆུ་ཚོད་ཆན་ཝ་དུང་ཕྱུར་24.48ཟིན་པ། ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.57ཟིན་པ་བཅས་རེད། ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ཁག་22དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁག་1636སྐྱེད་སྲིང་བྱས་ནས་ཞིང་འབྲོག་པ་མི་ཐེངས་ཁྲི་36.94ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་1140དང་རྒྱུན་འཛིན་པ་458ཡོད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ཁག་1260ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་81.29བཏང་བ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་འཛུགས་གཏོད་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཏེ། ཞིང་འབྲོག་པའི་འདུ་ཤེས་གཙོ་བོ་དང་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་སྐུལ་སྤེལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།