དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “འཛམ་གླིང་ཡང་རྩེར”ངོ་མཚར་ཆེ་བའི་གཏམ་རྒྱུད་གསར་པ་མུ་མཐུད་རྩོམ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀུའེ་ཚུང་ལུའུ།   |     སྤེལ་དུས།  2025-08-23

    ལོ་ངོ་60ཡི་རིང་། དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་འཕེལ་རྒྱས་ཕྱིན་ཞིང་། དེང་བསམ་སྔ་དྲན་བྱེད་སྐབས། འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེར་བཏོད་པའི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་རང་ཤུགས་སུ་སྐྱེ་སྲིད།

    ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ཞིང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མི་རིགས་ཁག་གི་བུ་ཕྲུག་ཤ་རུས་གཅིག་པ་དང་སྐྱིད་སྡུག་མཉམ་མྱོང་གི་བདེན་དཔང་ཐུབ་ཡོད། མྱུར་བགྲོད་ལྕགས་ལམ་ནས“གློག་ཤུགས་མཁའ་ལམ”བར། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱལ་ཡོངས་ས་གནས་ཁག་དང་སྦྲེལ་མཐུད་ཐུབ་པ་དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱེད་པ་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བར། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་དང་སྦྲེལ་མཐུད་ཐུབ་པ། དིང་རིའི་ས་ཡོམ་ནང་ཕན་ཚུན་ལྟ་སྐྱོང་བྱེད་པ་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པའི་བར་སོགས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཡོངས་མི་དམངས་བློ་སེམས་གཅིག་མཐུན་བྱུང་ཡོད།

    བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་དང་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་བཏོད་པ་ཞིག་རེད། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”བོད་སྐྱོར་ལས་བྱེད་པ་དང་། གངས་ལྗོངས་ས་མཐོར་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་མཁན་རྣམས་ང་ཚོས་ནམ་ཡང་བརྗེད་མི་རུང་། རྒྱང་ལམ་གསར་པར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས། རྒྱུན་མཐུད་འབད་འཐབ་དང་འབད་འཐབ་ལྷོད་མེད་བྱས་ཚེ། ང་ཚོས“འཛམ་གླིང་ཡང་རྩེར”ངོ་མཚར་ཆེ་བའི་གཏམ་རྒྱུད་གསར་པ་མུ་མཐུད་རྩོམ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།