དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དྲན་རྟེན་དངོས་པོ་བསྩལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-22

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱ་ཆེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལ་དྲན་རྟེན་དངོས་པོ་བསྩལ་བ་རེད།

    རིགས་དབྱེ་བ་དང་། སྤྱོད་གོ་ཆེ་ཆུང་ལ་ལྟ་བ། སྤུས་ཚད་འགན་ལེན་བཅས་ཀྱི་རྩ་དོན་གཞིར་བཟུང་དྲན་རྟེན་དངོས་པོ་བཀོད་སྒྲིག་བྱས་པར། ཁྱོན་རིགས་ཆེ་བ་7ལ་དབྱེ་ཡོད་པའི་ནང་རྟེན་འབྲེལ་སྒོ་བན་དང་། རྟེན་འབྲེལ་གོས་དར། གཙོ་འཛིན་གྱི་སྐུ་པར། ཇ་སྲུབ་འཕྲུལ་ཆས། བཟོ་རྩལ་སྒྲིག་ཆས། བརྙན་སྟོན་འཕྲུལ་ཆས། དཔེ་དེབ་བཅས་ཚུད་ཡོད།

    དྲན་རྟེན་དངོས་པོ་དེ་དག་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་ཚོ་དང་གྲོང་ལྷན། དགོན་སྡེ། སློབ་གྲྭ འཕྲོད་བསྟེན་ཁང་། རྒན་གསོ་ཁང་། ཕན་བདེ་ཁང་། དེ་བཞིན་ཞིང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། ལས་བྱེད་པ་དང་ལས་བཟོ་སོགས་ལ་གནང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།