དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རླབས་ཆེན་གྱི་མཆོང་སྐྱོད།

    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-21

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པ་དང་། ལོ་ངོ་60ཡི་འཕོ་འགྱུར་ཆེན་པོ་ལས་མི་ཡུལ་གསར་པ་ཞིག་བརྗེས་ཡོད།

    ལོ་ངོ་60ཡི་གོང་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་འགན་ལེན་གང་ལེགས་བྱུང་ཁར། མི་རིགས་ཁག་གི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་སྤོབས་སེམས་དང་འགན་འཁྲི་འཁུར་སེམས་ཇེ་ཆེར་སོང་ཡོད།

    ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་བཅུག་ནས། འཕེལ་རྒྱས་ལ་བརྟེན་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཤུགས་ཆེན་བཏང་བས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་དེ་ས་མཐོའི་ས་གཞི་ཆེན་པོར་འཕེལ་རྒྱས་རླབས་ཆེན་བྱུང་ནས་གང་སར་རྣམ་པ་གསར་པ་མངོན་བཞིན་མཆིས།

    ལམ་ལུགས་ཀྱི་རྨང་གཞི་བྲག་ལྟར་བརྟན་པ།

    1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་གཏན་འཁེལ་དང་ལག་བསྟར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པ་དང་དོ་དམ་བྱེད་པའི་ཁེ་དབང་ལམ་ལུགས་ཀྱིས་འགན་ལེན་ཐུབ་ནས། བོད་འདི་ཉིད་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་ཐོག་སྐྱོད་འགོ་ཚུགས།

    བོད་ཀྱི་མི་དམངས་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དམངས་གཙོའི་ཁེ་དབང་ཐད་སྔར་བྱུང་མྱོང་མེད་པའི་རྒྱ་ཁྱབ་རང་བཞིན་དང་། བདེན་ཐུབ་རང་བཞིན། དངོས་ཡོད་རང་བཞིན། གོ་ཆོད་རང་བཞིན་བཅས་མངོན་ཡོད།

    —— ཁྲིམས་འཛུགས་ཀྱི་འགན་སྲུང་སྲ་ཞིང་བརྟན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་རང་སྐྱོང་དབང་ཆ་ལག་ལེན་བསྟར་བ་དང་། 2024ལོའི་ལོ་མཇུག་བར། སྔ་རྗེས་སུ《བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་171བཟོས་ཏེ་ལག་ལེན་བསྟར་ཡོད།

    —— བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག་རྐང་འཛིན་སྟོབས་ཤུགས་སུ་གྱུར་བ། མིག་སྔར། ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་26ཡོད་པ་དང་། ས་ཁུལ་དང་ཐིང་རིམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་512ཡོད་པ། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)གི་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པའི་འགན་འཁུར་མཁན་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གྲངས་འབོར་ངེས་ཅན་ཞིག་ཡོད་པ། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཏང་སྲིད་ཚན་ཁག་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བསྡུར་ཚད་57.17%ཡན་བཟུང་བ་བཅས་རེད།

    —— དམངས་གཙོའི་ཐེ་ཞུགས་ཀྱི་ཐབས་ལམ་ཤར་གཏོང་ཐུབ་ནས་གནས་ཚུལ་ཤེས་དབང་དང་ཞུགས་དབང་ལ་འགན་སྲུང་གང་ལེགས་ཐུབ་པ། 2024ལོའི་ལོ་མཇུག་བར། བོད་དུ་ཁྱོན་བསྡོམས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”790བཙུགས་པ་དང་། གྲོང་ཚོ(སྡེ་ཁུལ)ཚང་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་སའི་བྱེད་སྒོ་ཁང་བཙུགས་ཏེ། མི་དམངས་མང་ཚོགས་ལ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གླེང་སའི་གོ་ཆོད་ལས་སྟེགས་ཤིག་མཁོ་འདོན་བྱས་པས། གྲོས་མོལ་དམངས་གཙོའི་ནུས་པ་གང་ལེགས་འདོན་ཐུབ་ཡོད།

    དམངས་འཚོའི་བདེ་རྩ་ཆེ་རུ་ཤུགས་ཆེན་ཕྱིན་པ།

    བོད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འགན་ལེན་བྱེད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཐད་གཏན་འཁེལ་ཏན་ཏིག་བྱས་ཡོད།

    འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྔར་བྱུང་མྱོང་མེད་པའི་འཐུས་སྒོ་ཇེ་ཚང་དུ་དང་ཡག་ཏུ་བཏང་བ་སྟེ།

    —— འོས་འཚམ་གྱི་འཚོ་བའི་ཆུ་ཚད་དབང་ཆ་འགན་སྲུང་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་གངས་ལྗོངས་ས་མཐོར་བསྐྱོད་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ། G318ཁྲོན་བོད་ལམ་དུམ་དུ“རིམ་འདས་གློག་གསོག་ལྗང་ཁྱམས”བསྐྲུན་པ། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་ལམ་ཐིག་183ཟིན་པ། གློག་དྲ་4བསྐྲུན་ནས་སྤྱོད་འགོ་ཚུགས་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད།

    —— སློབ་གསོ་འཐོབ་དབང་གི་འགན་སྲུང་དེ་བས་གང་ལེགས་བྱས་པ། 2012ལོ་ནས་བཟུང་། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་རིང་གི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་པ་དང་། ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“ལྟོ་ཆས་དང་། ཉལ་ཁང་། གཞི་རྩའི་སློབ་སྦྱོང་གི་གྲོན་དངུལ་བཅས་འགན་གཙང”གི་གྲོན་དངུལ་ཚད་གཞི་སྔ་རྗེས་སུ་མཐོ་རུ་ཐེངས་11བཏང་བ་དང་། 2014ལོ་ནས་2024ལོའི་བར། བོད་ཀྱིས་རིམ་རྩིས་བརྒྱབ་ན་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་3022.5བཏང་ཡོད།

    —— ལས་ཀའི་དབང་ཆ་འགན་སྲུང་ཏན་ཏིག་ནུས་ལྡན་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་རིན་མེད་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལམ་ལུགས་ལག་ལེན་བསྟར་ནས། ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། ལས་འཚོལ་ཐོ་འགོད་སོགས་ཀྱི་ཞབས་འདེགས་ཞུ་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གོ་སྐབས་མང་དུ་གཏོང་བ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ཁེ་ལས་སྣ་ཚོགས་ཀྱིས་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་བར་སྐུལ་ལྕག་གཏོང་བ་བཅས་བྱས་ཡོད།

    —— བདེ་ཐང་དབང་ཆ་འགན་སྲུང་དེ་བས་དོ་སྙོམས་བྱུང་བ། མི་འབོར་ཁྲི་370བར་འཕར་བ་དང་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་རིང་དུ་ཕྱིན་པ་དང་། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འདྲ་མཉམ་འགན་སྲུང་བྱས་ནས། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁྲི་བཅུ་ཆ་རེར་38.63ཆག་ནས་5.37‰བར་ཆག་པ། ལྗོངས་ཡོངས་སུ་རྒན་གསོའི་ལས་ཁུངས་128ཡོད་པ་དེ་རྒན་རྒོན་12971ལ་མཉམ་སྤྱོད་ཐུབ་པ། སློབ་ལོ་ལོན་པའི་དབང་སྐྱོན་བྱིས་པའི་འོས་འགན་སློབ་གསོ་བཀོད་སྒྲིག་བྱེད་ཚད་97.15%ཟིན་པ། ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་21010ལས་ཞུགས་ཐུབ་པ་བཅས་རེད།

    བསམ་པའི་ཁྱིམ་གཞིས་སེམས་མཐུན་མཉམ་སྐྲུན་བྱས་པ།

    རིག་གནས་ཀྱི་མོས་སེམས་ནི་ཆེས་གཏིང་ཟབ་ཤོས་ཀྱི་མོས་སེམས་རེད་ལ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་རེད། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་བོད་ཀྱི་རིག་གནས་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་གོང་འཕེལ་བྱུང་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཕན་འབྲས་གཟེངས་སུ་ཐོན་པ་སྟེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། 《གླིང་སྒྲུང》གི་ལོ་རྒྱུས་སྙན་ངག་གི་སྲོལ་རྒྱུན་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་བཅས་རྣམ་གྲངས་གསུམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། ད་ཆ་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་2800དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1668ཡོད།

    རིག་དངོས་སྲུང་སྐྱོབ་དང་། བེད་སྤྱོད། འཕེལ་རྒྱས་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་སྟེ། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་སྒོར་དུང་ཕྱུར་4ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་བོད་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་ལག་ལེན་བསྟར་བ་དང་། 2016ལོ་ནས་2024ལོ་བར། གནའ་རྫས་རྟོག་ཞིབ་དང་སྔོག་འདོན་གྱི་རྣམ་གྲངས་ཁག་102ལག་ལེན་བསྟར་བའི་ནང་། རང་འགུལ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་རྣམ་གྲངས་70དང་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་རྣམ་གྲངས་32ཡོད་པ་རེད།

    སྤྱི་པའི་རིག་གནས་ཞབས་ཞུ་ཀུན་ཕན་མཉམ་སྤྱོད་ཐུབ་པ་སྟེ། 2012ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་48.9བཏང་ནས་བོད་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྲུན་ཐད་སྤྱད་པ་དང་། གཞི་རིམ་གྱི་རིག་གནས་ཞབས་ཞུའི་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་ཕྱིན་ཏེ་ད་ཆ་རྫོང(ཆུས་དང་གྲོང་ཁྱེར)གི་སྒྱུ་རྩལ་ཚོགས་པ་76དང་། དམངས་ཁྲོད་ཀྱི་ལྷ་མོ་རུ་ཁག་153 ཤང་དང་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་395 སྒྲིག་ཚུད་གྲོང་ཚོའི(གྲོང་ལྷན)རིག་རྩལ་འཁྲབ་སྟོན་རུ་ཁག་5492བཅས་ཡོད་པ་དང་། ཆེད་ལས་དང་ལས་ཞོར་གྱི་རིག་རྩལ་འཁྲབ་སྟོན་པ་ཁྲི་10ལྷག་ཙམ་ཡོད་པ་རེད།

    སྐད་དང་ཡི་གེའི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་པ་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་། རིམ་ཁག་སྲིད་གཞུང་དང་སྲིད་གཞུང་སྡེ་ཚན་ཁག་གིས་གཤམ་སྤྲོད་བྱས་པའི་ཡོངས་ཁྱབ་རང་བཞིན་གྱི་ཡིག་ཆ་དང་། ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་དང་བོད་སྐད་ཡིག་གཉིས་ཀ་མཉམ་དུ་སྤྱད་པ་དང་། དཔེ་སྐྲུན་དང་། སྨྱན་སྦྱོར། འཚོ་བ་སོགས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་སྐད་དང་ཡི་གེ་རྒྱ་ཁྱབ་ཏུ་སྤྱད་པ། བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་སློབ་ཚན་དང་བོད་ཀྱི་སྐད་དང་ཡི་གེའི་སློབ་ཚན་བཀོད་སྒྲིག་བྱས་ཡོད།

    ཆོས་དད་རང་མོས་སྲུང་སྐྱོང་ནུས་ལྡན་བྱས་པ་སྟེ། བོད་དུ་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ཆོས་ལུགས་རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ཁྲིམས་དང་མཐུན་པར་སྲུང་སྐྱོང་དང་། ཁྲིམས་དང་མ་མཐུན་པ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཡོད། ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་གང་ལེགས་སྐོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།