དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུན་རིང་བདེ་འཁོད།

    དུས་བདེ་དང་བདེ་སྐྱིད་ལྡན་པའི་ལེའུ་གསར་མཉམ་དུ་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-21

    སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ནི་དེང་གི་བོད་ལྗོངས་རེད།

    དེང་གི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སེམས་ནུས་གཅིག་ཏུ་སྒྲིལ་བ། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་བསྲིང་ལྷོད་མེད་ངང་དམ་འཛིན་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    དུས་བདེ་ནི་དམངས་ཀྱི་རེ་འདོད་དང་འཕེལ་རྒྱས་ཀྱི་རྨང་གཞི་རེད།

    བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པས། མི་རིཌ་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་། མཐའ་མཚམས་སྲ་བརྟན། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། དེས་ན་མི་རིཌ་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་རེད།

    2025ལོའི་ཟླ་བ་གསུམ་པར་བོད་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཞིང་། ད་ཐེངས་བཟོ་བཅོས་ནང་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི“ཕྱོགས་བརྒྱད”ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཚུགས་གནས་དེ་བས་མཐོ་བ་དང་མིག་རྒྱང་དེ་བས་ཡངས་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ཞིབ་ཕྲའི་བྱེད་ཐབས་སོགས་གཙོ་གནད་ནང་དོན་གཏན་འཁེལ་བྱས་ཡོད།

    མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང(ཆུས་དང་གྲོང་ཁྱེར)ལ་འཛུགས་གཏོད་བྱས་པ། ཚན་པ་54ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པར་མིང་བཏགས་པ། ལྗོངས་ཡོངས་ཀྱི་མཉམ་སྡེབ་154དང་མི་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་པ་བཅས་མི་རིགས་མཐུན་སྒྲིལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡོད།

    མི་རིགས་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྱི་ཆེས་གཞི་རྩ་ནི་ཏང་གི་འགོ་ཁྲིད་འགྱུར་མེད་སྟོབས་ལྡན་ཡིན་མིན་ལ་ཐུག་ཡོད།

    ད་ལོའི་ཟླ་6པའི་ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཚང་མར“མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱས་ནས…… དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས”ཞེས་མངགས་བཅོལ་གནང་ཡོད།

    དེའང་2021ལོའི་ཟླ་བ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། ཀ་ལ་གྲོང་ཚོར་ཕེབས་ནས་ཡུལ་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    གྲོང་ཚོ་གཅིག་ལ་ཐུགས་རྗེའི་འོད་ཟེར་ཐེངས་གཉིས་འཕྲོས། ཀ་ལ་གྲོང་ཚོའི་ཏང་ཡོན་མང་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར། གྲོང་གསེབ་དར་རྒྱས་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཕྱོགས་གང་ཅིའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད།

    2024ལོའི་ཟླ་བ་དགུ་པར་ཀ་ལ་གྲོང་ཚོ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ལ་བདམས་པ་དང་། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་པེ་ཅིང་དུ་ཚོགས་འདུར་ཞུགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་གཟེངས་བསྟོད་བྱང་བུ་གནང་བ་རེད། སྤེན་པས“གཟེངས་བསྟོད་འདི་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སྤོབས་པ་བྱ་ཡུལ་དུ་གྱུར་ཡོད། ང་ཚོས་མཚན་སྙན་ལ་སྔར་བས་གཅེས་སྤྲས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་བརྩེ་བ་ཟབ་མོས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།

    རང་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་གོ་རིམ》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ནས་བཀྲམ་ཡོད། མིག་སྔའི་བར་རང་ལྗོངས་ཀྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས170ལྷག་ཙམ་བཟོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་གཙོ་ལེགས་གཏོང་སོགས་འགག་རྩའི་ཁྱབ་ཁོངས་ལ་ཁྱབ་པའི་ཁྲིམས་སྐྱོང་མ་ལག་བཟོས་ནས་ལྗོངས་ཡོངས་ཀྱི་རིགས་ཁག་གི་དོན་ཚན་ཚང་མ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་འཁོར་སྐྱོད་ཡོང་བར་འགན་ལེན་བྱས་ཡོད།

    2021ལོར་བཏོན་པའི《བོད་རང་སྐྱོང་ལྗོངས་ཀྱིས〈ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2021ལོ་ནས་2025ལོ་བར)ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞིའི〉》ནང་། “ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་ལྟར་སྲིད་འཛིན”གྱི་སྤྱིའི་དམིགས་ཚད་ཁ་གསལ་བཏོན་ནས་སྲིད་གཞུང་བཅོས་སྐྱོང་ཚད་ལྡན་ཅན་དང་། གོ་རིམ་ཅན། ཁྲིམས་སྐྱོང་ཅན་བཅས་ལ་འགྱུར་བར་སྐུལ་འདེད་བཏང་ཡོད།

    བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ནི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ལོ་ནི“ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལ་ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་གྱི་ལོ་ཞིག་ཡིན་ཞིང་། “ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག》བཏོན་པ་དང《ལྗོངས་ཡོངས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལོ་ལྔ་ཚན་བརྒྱད་པའི་འཆར་གཞི》སོགས་བཟོས་ནས་བཀྲམ་སྟེ། མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་སྲུང་བ་དང་། གནས་ཚུལ་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་བ་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པས། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།