དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་བརྟན་མཐའ་དར།

    མཐའ་དར་དང་དམངས་ཕྱུག་གི་ཉམས་བཟང་རབ་ཏུ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-21

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས།

    བོད་ནི་རྒྱལ་ཁབ་ཀྱི་བདེ་འཇཌ་སྲུང་བཅད་གལ་ཆེན་ཡིན་ལ། མཐའ་སྟོབས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་གནང་བའི“དོན་ཆེན་བཞིའི”གྲས་ཤིག་དང“རྒྱལ་ཁབ་ཀྱི་དོན་ཆེན”རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་བཅོས་སྐྱོང་བྱེད་པ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་དུ་བཞག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    2017ལོའི་ཟླ་10ཚེས་28ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ཏེ་ཡུན་རིང་མ་སོང་བར་པེ་ཅིང་ནས་བསྐུར་བའི་འཕྲིན་ཡིག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ལ་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་ཚོ་ཆུང་ཆུང་དེར་སྐད་གྲགས་ཆེན་པོ་བྱུང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བསྲུངས་པའི་བྱ་སྤྱོད་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། བརྩེ་བ་ཟབ་མོའི་ངང“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུད་ཆད་ལའང་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བྱེད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་དུ་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་ཤུགས་ཆེ་རུ་མུ་མཐུད་བཏང་ཡོད།

    མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ཞིང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་ཚོ་ཚང་མར་སྣུར་སྲིང་བྱས་པ་དང་། འཐབ་ཕྱོགས་དང་པོའི་ཤང་དང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ། དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་ཚང་མ་100%ཟིན་པ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་མུ་མཐུད་ཕྱིན་པ། མ་འཇོག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། མཐའ་མཚམས་ཚོང་དོན་ཟོག་འགྲེམས། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཐོན་ལས་འཕེལ་རྒྱས་བཏང་ནས་མཐའ་མཚམས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་བ་དང་། ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་དམངས་བདེ་སྐྱིད་བཅས་ཡོང་བར་བྱས་པ། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། མཐའ་མཚམས་ས་ཁུལ་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མ་ཚད་ལྡན་ཅན་དུ་འཛུགས་སྐྲུན་ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ལས་བརྒལ་ཡོད།

    ད་ཆའི་ཡུལ་སྨད་ཤང་དེ་སྔོན་ཆད་མི་ཧ་ཅང་མཐོང་དཀོན་པ་ནས་ད་ཆ་ཁྱིམ་ཚང་མང་པོའི་སྒོ་རྩར་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། དབུལ་ཕོངས་རྗེས་ལུས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ། དུད་ཚང་60ལྷག་ཙམ་དང་ཡུལ་མི་300ཙམ་ཟིན་པ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པའི“འབྱོར་འབྲིང་ཤང”བར་འཕེལ་རྒྱས་ཕྱིན་ཡོད། ཤང་ཀྲང་རྙིང་པ་སངས་རྒྱས་ཆོས་པའི་དེ་སྔའི་མཐའ་མཚམས་སྲུང་བའི་སྙིང་སྟོབས་སྔ་ས་ནས་ཚ་མོ་དང་ཚ་བོ་པ་སངས་སྒྲོལ་དཀར་དང་། བསོད་ནམས་དོན་གྲུབ། དཔལ་ལྷ་བཅས་ལ་བརྒྱུད་སྤྲོད་ཐུབ་སྟེ། མི་རབས་གསར་པའི་ཡུལ་སྨད་བས་བརྟན་སྲུང་ལ་བརྟེན་ནས“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པའི”ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ཡོད།

    གམ་པ་རྫོང་གམ་པ་གྲོང་རྡལ་དགྱེས་རུ་གྲོང་ཚོས་ས་གནས་དེ་གའི་སྲོལ་རྒྱུན་ལ་གཞི་ཚུགས་པ་དང་། རྒྱ་ཆེའི་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས། སེམས་མཐུན་མཐའ་བརྟན་གྱི་ལུག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་པས“ཕྱུགས་འཚོ་བ་དང་མཐའ་མཚམས་སྲུང་བ”གཉིས་ཀ་མི་འཕྱུགས་པར། གྲོང་ཚོ་ཡོངས་ཀྱི་ལུག་གསོའི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་སྟེ་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་30ཡན་བྱུང་ཡོད།

    མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་རི་བོ་མུ་ལ་མུ་འབྲེལ་དང་གནམ་གཤིས་དྲོ་གྲང་སྙོམས་པོ་ཡོད་པས། ཇ་ཤིང་འདེབས་པར་ཧ་ཅང་འཚམ་པོ་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལས་རི་གྲོང་ཆུང་ཆུང་འདིར་ཇའི་ཐོན་ལས་ཁོ་ནར་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་གྱི་ཡོད།

    མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་ཤའུ་གྲོང་ཚོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཐོན་ལས་འཕར་སྣོན། དམངས་ལ་འབབ་འཕར་ཡོང་བར་རོགས་རམ་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ“དོང་ཚང་རྦབ་ཆུ་དང་མེ་ཏོག་སྟག་མ་གླིང”སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་འཚོལ་ཞིབ་སྔོག་འདོན་བྱས་ནས་ཡུལ་སྐོར་བའི་ཡིད་དབང་རྒྱུན་ཆད་མེད་པར་བཀུག་ཡོད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་མགྱོགས་པོ་འཕར་ནས། མཐའ་སྟོབས་མཐའ་དར་དང་དམངས་ཕྱུག་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ཐེབས་ཡོད། “མཐའ་སྲུང་མཐའ་བརྟན”ནས“མཐའ་དར་དམངས་ཕྱུག”བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་མཐའ་མཚམས་ཚང་མ་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་བདེ་སྐྱིད་ལྡན་པར་འགྱུར་བཞིན་ཡོད།

    སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོའི་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་དེ་ཉིད་ས་གནས་དེ་གའི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཀོ་ཤ་འདེབས་འཛུགས་རྟེན་གཞིར་གྱུར་ནས། ལོ་རེའི་ཐོན་འབབ་རྒྱ་མ་ཁྲི་ཁ་ཤས་དང་ཐོན་རྫས་རིན་ཐང་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་ཡོད། ཐོན་ལས་འདིར་བརྟེན་ནས་ཞིང་རས་ས་གནས་དེ་གའི་ཞིང་འབྲོག་པ་ལས་མིར་ཧུར་ཐག་བསྡུས་པར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་འཕར་བ་དང་ཁེ་སྤོགས་སྒོར་ཁྲི་100ལྷག་ཙམ་བགོ་འགྲེམས་རྒྱག་པར་སྐུལ་ཁྲིད་ཐུབ་ཡོད། 2019ལོ་ནས་ད་བར། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་4ཡི་ཡུལ་མི་1000ལྷག་ཙམ་འདེབས་འཛུགས་གཉེར་སྐྱོང་ལ་ཞུགས་པར་སྐུལ་ཁྲིད་ཐུབ་ཅིང་། ཀོ་ཤ་བསྡུ་ཉོ་བྱས་པ་བརྒྱུད་ཞིང་དུད་ལ་ཡོང་འབབ་སྒོར་ཁྲི་700འཕར་བར་རམ་འདེགས་ཐུབ་ཡོད།

    མང་ཚོགས་ཕྱུག་པོ་ཆགས་པ་དང་སེམས་རྣལ་དུ་ཕབ་ཐུབ་ཚེ་གཞི་ནས་མཐའ་མཚམས་ས་ཁུལ་དུ་དེ་བས་གཞི་ཡག་པོ་ཚུགས་ཐུབ་པ་དང་། རྒྱལ་ཁབ་ཀྱི་ས་ཆ་དེ་བས་བརྟན་པོར་སྲུང་ཐུབ་པ་དོན་དངོས་ལས་ར་འཕྲོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།