དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས།

    ས་མཐོར་འཕེལ་རྒྱས་མྱུར་བའི་རྣམ་པ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-21

    2025ལོར་རབ་བྱུང་གསར་པ་ནས་ཕྱིར་མིག་བལྟས་ཚེ། གངས་ལྗོངས་ས་མཐོར“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”བྱ་གཞག་རླབས་པོ་ཆེ་བཏོད་ཡོད།

    ཀྲུང་གོའི་མཐའ་མཚམས་བཅོས་སྐྱོང་གི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་པ།

    ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བྱས་ཏེ་བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ཁ་གསལ་བཟོས་ཡོད།

    2024ལོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2765ཟིན་ཞིང་། འགྱུར་མེད་ཀྱི་རིན་གོང་ལྟར་བརྩིས་ན། 1965ལོའི་ལྡབ་155ཡིན་པ་དང་ལོར་ཆ་སྙོམས་8.9%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་277ཟིན་པ་དེ་1965ལོའི་ལྡབ་1258ཡིན་པ་དང་ལོར་ཆ་སྙོམས་12.9%འཕར་ཡོད། ལོ་ངོ་60རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་ཐོག་མར་ཟིན་པར་ལོ་50འགོར་བ་དང་སྒོར་དུང་ཕྱུར་ཆིག་སྟོང་གཉིས་པར་སླེབས་པར་ལོ་6ལས་འགོར་མེད།

    ལོ་ངོ་60ཡི་གོང་བོད་དུ་སྣུམ་ནག་ལམ་དང་ཆུ་ཤུགས་གློག་ཁང་གཅིག་ཀྱང་མེད་པ་དང་། ལོ་ངོ་60ཡི་རྗེས་སུ་གངས་ལྗོངས་ས་མཐོར་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12.49དང་། ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་1359 མཁའ་ལམ་183བཅས་ཡོད་པ་རེད།

    2024ལོའི་ལོ་མཇུག་ཏུ། བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་དང་ལྕགས་ལམ་གྱི་འཁོར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་ཞིང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཞིང་འབྲོག་པའི་འགྲོ་སྐྱོད་ཀྱི“མཐའ་མའི་འགག་གནད”རྦད་དེ་བསལ་ཡོད།

    མཚོ་བོད་དང་ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་ནས་མཚོ་བོད་ལྕགས་ལམ་བསྐྲུན་ཏེ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་བར“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་སྐྱོད་འགོ་ཚུགས་ནས། བོད་དུ“མི་དང་ཁལ་ཕྱུགས་ལ་བརྟེན་པའི”ལོ་རྒྱུས་མཇུག་འགྲིལ་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་སྣ་ཚོགས་འདུས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་རགས་ཙམ་ཆགས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་183ཟིན་ཡོད།

    རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་93.72བཏང་སྟེ། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་བསྡོམས་ཁྲི་2.6ལྷག་ཙམ་བསྐྲུན་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་ཡོད།

    རིམ་རྩིས་བརྒྱབ་ན་2019ལོའི་བར་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་800ལྷག་ཙམ་ལག་ལེན་བསྟར་ཏེ། རྨང་གཞིའི་སྒྲིག་བཀོད་རྒྱུན་སྲོལ་ལས་ལྷག་པའི་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་ཡོད།

    ལྗོངས་ཡོངས་སུ་ནས་ཀྱི་སོན་བཟང་ཁྱབ་ཚད་94%ཟིན་པ་དང་། ནས་ཀྱི་མུའུ་རེའི་ཐོན་ཚད་1975ལོའི་སྤྱི་རྒྱ་134.15ནས་2024ལོར་སྤྱི་རྒྱ་385.85ཟིན་ནས་ལྡབ་1.88འཕར་ཡོད། 2024ལོའི་ལོ་མཇུག་ཏུ་ལག་ཡོད་ཕྱུགས་ཟོག་མགོ་གྲངས་བསྡོམས་འབོར་ཁྲི་1760.32ཟིན་པ་དང་། ཤ་དང་། སྒོ་ང་། འོ་མ་དང་སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་ཆེས་ཆེར་འཕར་ནས་དམངས་འཚོར་འགན་སྲུང་ཐུབ་པ་དང་ཆབས་ཅིག བཟའ་བཅའ་ལས་སྣོན་དང་ཕྱུགས་རིགས་གསོ་ཚགས་སོགས་ཐོན་ལས་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། བོད་འདི་ཉིད་ལོ་ངོ་བརྒྱ་སྟོང་མང་པོར་དབུལ་པོ་དབུལ་ནག་ཏུ་གནས་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། 2019ལོའི་ལོ་མཇུག་ཏུ། བོད་ཀྱི་རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། རང་སྐྱོང་ལྗོངས་ཀྱིས་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་སྒྲིག་གཞི་བཙུགས་ཏེ་2024ལོར་རིམ་རྩིས་བརྒྱབ་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་ཁྲི་0.8དང་མི་ཁྲི་2.7དབྱེ་འབྱེད་བྱས་ཐོག་ཚང་མར་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བསྲུངས་པ་དང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཏན་ཏིག་སྤེལ་ཡོད།

    གངས་ལྗོངས་ས་མཐོར་དེང་རབས་ཅན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་མང་པོ་ཐོན་ཏེ་ལྷ་ས་ལྟེ་བར་བྱེད་པ་དང་གྲོང་ཁྱེར(ས་ཁུལ)6གནས་སའི་གྲོང་ཁྱེར་དང་གྲོང་རྡལ་འདེགས་སྐྱོར་དུ་བྱེད་པ། རྫོང་གྲོང་གཞན་དག་རྟེན་སར་བྱེད་པ། མཐའ་མཚམས་དང་། ཡུལ་སྐོར། རིག་གནས། ཐོན་ལས་བཅས་ཀྱི་གྲོང་རྡལ་ཆུང་ངུ་དམིགས་བསལ་ཁྱད་ཆོས་སུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་ཆགས་ཡོད།

    “ལོ་ལྔ་ཚན་བཅུ་གཅིག་པའི”རིང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་193.3ཟིན་པ་དེ“ལོ་ལྔ་ཚན་བཅུ་པའི”རིང་ལས་ལྡབ་2ལྷག་ཙམ་འཕར་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་2011ལོའི་སྒོར་དུང་ཕྱུར་87.77ནས་2014ལོའི་སྒོར་དུང་ཕྱུར་138.48བར་ཤུགས་ཆེན་འཕར་བ་སོགས། 2023ལོ་དང་2024ལོར། བོད་ཀྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ལོ་གཉིས་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ཡི་ཚད་གཞི་ལས་བརྒལ་བ་དང་། ད་ལོའི་ལོ་སྟོད་དུ་སྒོར་དུང་ཕྱུར་43.39ཟིན་ནས་14.1%འཕར་ཏེ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཞིང་འབྲོག་པའི་གཟུགས་གཞི་བདེ་ཐང་བརྟག་དཔྱད་ལས་དོན་ཁྱོན་ཡོངས་ལ་ཁྱབ་ནས་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་ཡོད།

    2024ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དེ་1965ལོའི་ལྡབ་121ཡིན་པ་དང་ལོར་ཆ་སྙོམས་8.5%འཕར་ཡོད་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ་དང་ལོར་ཆ་སྙོམས་9.4%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།