བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚེས་21ཉིན་གྱི་སྔ་དྲོར་ལྷ་སར་འཚོག་རྒྱུ་ཡིན་པ།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཟླ་8ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོག་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་རེད།
སྐབས་དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། ཤིན་ཧྭ་དྲ་བས་ཡིག་རིས་ཀྱི་ལམ་ནས་ཐད་གཏོང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།