དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-20

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་སི་ཁྲོན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་མཚོ་ཁྲ་མཛེས་ལྗོངས་ཁུལ་དུ་མཇུག་འགྲིལ་བ་རེད།

    ཆུ་ཚོད་ཁ་ཤས་འགྲན་བསྡུར་བྱས་པ་བརྒྱུད། སྐྱེས་པའི་ཚོགས་ཆུང་ནང་། པོ་ཏུང་ལི་དབྱི་ཨེན་རྐང་འཁོར་རུ་ཁག་གི་ཧོང་ཅུན་ཧྭ་ཡིས་ཆུ་ཚོད་2དང་སྐར་མ་11སྐར་ཆ་26གི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཤིང་། འགྲན་བསྡུར་ཚར་རྗེས་ཁོང་གིས་ས་བབ་མཐོ་བའི་འགྲན་ལམ་ལ་འཚམ་པར་བྱ་ཆེད། ངས་སྔོན་ནས་ཆེད་དམིགས་སྦྱོང་བརྡར་བྱས་པ་ཡིན། གྱེན་ལ་འཛེགས་པ་དང་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་སྐབས་རྐང་འཁོར་གཏོང་སྟངས་ལ་འགྱུར་ལྡོག་བཏང་བ་དང་ཤེད་ཤུགས་སྙོམས་པོ་ཡོང་བར་བྱས་པས་ཨང་དང་པོ་ལེན་ཐུབ་པ་བྱུང་ཚུལ་མཉམ་སྤྱོད་བྱས།

    བུད་མེད་ཚོགས་ཆུང་གི་ཨང་དང་པོ་ལེན་མཁན་ནི་NSVEརྐང་འཁོར་རུ་ཁག་ནས་ཡོང་བའི་ལི་སི་ཡིན་པ་དང་། ཁོང་གིས་ཆུ་ཚོད་2དང་སྐར་མ་16སྐར་ཆ་48ཀྱི་གྲུབ་འབྲས་ཐོག་ནས་གཞན་ལས་རྣམ་པར་རྒྱལ་ཡོད། ཁོང་གིས“འགྲན་ལམ་ཧྲིལ་པོར་ལམ་བདེ་ལ་མཛེས་ལྗོངས་ཡག་པོ་འདུག ས་བབ་མཐོ་སར་རྐང་འཁོར་གཏོང་བར་སྙུགས་ཤེད་ཆེན་པོ་དགོས་ཀྱི་འདུག ངས་ཐོག་མཐའ་བར་གསུམ་དུ་རྐང་འཁོར་གྱི་མྱུར་ཚད་སྙོམས་པོ་ཞིག་བཏང་བ་དང་། རྐང་འཁོར་གཏོང་རྒྱུར་དགའ་ཞིང་སྡུག་རུས་འཁྱོག་པོ་ཡོད་པར་བརྟེན་ནས་གཟུགས་པོ་མི་བདེ་བ་ཡོད་ཚད་ཁྱད་བསད་བྱས་པ་ཡིན”ཞེས་བཤད།

    2023ལོར་འགྲན་བསྡུར་སྐབས་དང་པོ་གཉེར་ཚུན། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་རྐང་འཁོར་འགྲན་བསྡུར་གྱིས“སྐྱེ་ཁམས་དང་། ལུས་རྩལ། རིག་གནས། ཡུལ་སྐོར་བཅས་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གཞིར་བཟུང་། “མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་བུམ་པའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར”དང་། “མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་གནམ་མཐའི་རྐང་ལམ་ཕྲ་མོའི་བྱེས་བགྲོད་འགྲན་བསྡུར”བཅས་ཀྱིས“རྒྱལ་ཁབ་སྤྱི་གླིང་འགྲན་བསྡུར་གྱི་རྣམ་པ”ཞིག་མཉམ་དུ་གྲུབ་ནས་ས་གནས་དེ་གའི་འདམ་རའི་སྐྱེ་ཁམས་ཀྱི་མཛེས་ཉམས་མངོན་པ་དང་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་བཟང་པོ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།