དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་ཚོང་དོན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་ནན་བཤད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ན་ན་རི་ཝོ་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ལྷོ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་འགོ་གཙོའི་ཚོགས་འདུ་སྐབས་45པ་མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་རི་ཝོ་རུ་འཚོགས་ཤིང་། ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འཐུས་མི་མང་པོས་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཁོར་ཡུག་བརྟན་པོ་མེད་པ་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་ནན་བཤད་བྱས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བཟོ་ལས་ཅན་དང་། ཞིང་ལས་སྒྱུར་བཅོས། ནུས་རྒྱུ་ཕྱོགས་སྒྱུར་བཅས་ལ་སྐུལ་འདེད་བཏང་སྟེ། མཉེན་གཤིས་དེ་བས་ཆེ་བའི་ལྷོ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གཅིག་མཐུན་ཚོགས་པ་སྐྲུན་དགོས”ཞེས་པ་དེ་རེད། ཚོགས་འདུའི་ཐོག་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ལཱ་ཆའོ་ལི་ནཱ་ཡིས་དངོས་སུ་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་ཡི་ཚབ་བྱས་ཏེ། ལྷོ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་གསར་བསྐོས་རེས་སྐོར་ཀྲུའུ་ཞིར་གྱུར་ཡོད།

    ལཱ་ཆའོ་ལི་ནཱ་ཡིས་ད་ཐེངས་ཀྱི་ཚོགས་འདུ་ནི་ལྷོ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་རེ་འདོད་ཀྱི“འགག་རྩའི་རང་བཞིན་གྱི་ཁ་ཕྱོགས་འགྱུར་མཚམས”ཤིག་རེད་ཅེས་བརྗོད་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ནས་གཅིག་གྱུར་གྱི་ཐབས་ལམ་ཐོག་ནས་ཕྱི་ཕྱོགས་ཚོང་དོན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།