དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕུགས་བསམ་གྱི་ལམ་བུ”བསྐྲུན་ནས་ཁ་མེ་རོང་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞུའེ་ཏན། ཧོང་ཕེ་ཀྲའོ།   |     སྤེལ་དུས།  2025-08-20

    འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཡ་ཏུའུ་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་ཡིན་པ།

    འདི་ནི་ཡ་ཏུའུ་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་ལྟེ་གནས་ཡིན་པ།

    ཁ་མེ་རོང་ནི་ཨ་ཧྥེ་རི་ཁའི་དབུས་ནུབ་ཏུ་གནས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་དེ་ཀི་ནེ་ཡའི་མཚོ་ཁུག་དང་ཐག་ཉེ་པོ་ཡོད། དེ་གར་ཚ་ཁུལ་ཆར་ནགས་དང་། རྩྭ་ཐང་། ན་འདམ་བཅས་ཡོད་པ་མ་ཟད། ད་དུང་ཆུ་བོ་དང་། མཚེའུ། གཡང་གཟར་གྱི་རི་བོ་བཅས་ཀྱང་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དེ་འདྲ་ཞིག་ཡོད་པར་ཁ་མེ་རོང་མི་དམངས་ཀྱིས་སྤོབས་པ་ཆེན་པོ་བྱེད་མོད། འོན་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་སློང་མང་པོ་ཞིག་འཕྲད་ཡོད། དེ་གར་བདེ་འཇགས་དང་སྟབས་བདེ་བའི་དེང་རབས་ཅན་གྱི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་རྒྱུ་ནི་སྔོན་ཆད་ཁ་མེ་རོང་བ་མང་པོའི་སེམས་ནང་གི་ཕུགས་འདུན་ཞིག་རེད། ད་ཆ་ཕུགས་འདུན་མངོན་འགྱུར་བྱུང་ཞིང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཡ་ཏུའུ་མྱུར་བགྲོད་གཞུང་ལམ་དེས་ཁ་མེ་རོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་གོ་སྐབས་གསར་པ་སྦྱིན་ཡོད་ལ། ཨ་ཧྥེ་རི་ཁའི་དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་ཡང་རམ་འདེགས་བྱས་ཡོད།

    མི་སྣ་དང་ཟོག་འགྲེམས་ཀྱི་བགྲོད་ལམ་གསར་རྐྱང་།

    “ཁ་མེ་རོང་གི་གྲོང་ཁྱེར་ཆེ་གྲས་དང་པོ་ཏུའུ་ཨ་ལར་ཡོད་པའི་ཏུའུ་ཨ་ལ་གྲུ་ཁ་ནི་ཁ་མེ་རོང་གི་གྲུ་ཁ་གལ་ཆེན་ཞིག་རེད། སྔོན་ཆད་འདི་ནས་ཞིང་ལས་ཐོན་རྫས་ཡ་ཝུན་ཏེར་སྐྱེལ་འདྲེན་བྱེད་སྐབས། འགྲོ་ལམ་རང་རོང་འབར་འབུར་ཆེ་ཞིང་ཁོད་མི་སྙོམས་པས། སྤྱི་ལེ་200ཡི་ལམ་དུ་ཆུ་ཚོད་5ལྷག་ཙམ་ཡམ་ཡོམ་ཆེན་པོའི་ངང་སྐྱོད་དགོས་ལ། ཆར་དུས་ཤར་རྗེས་ལམ་བར་ལ་དུས་ཚོད་དེ་བས་མང་པོ་འགོར་ནས། ཤིང་ཏོག་དང་སྔོ་ཚལ་མང་པོ་གནས་སར་མ་འབྱོར་གོང་ནས་རུལ་གྱི་ཡོད”ཅེས་ཡ་ཝུན་ཏེ་གྲོང་ཁྱེར་གྱི་ཁུལ་བདུན་པའི་དཔོན་རིགས་ཨེ་ཝུའུ་ནཱ·ཧྥུ་ལེ་ཨེར་གྱིས་བརྗོད།

    2022ལོར། ཡ་ཏུའུ་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ན་ནིང་གི་ཟླ་10པར། རིང་ཚད་ལ་སྤྱི་ལེ་135ཙམ་ཡོད་པའི་ཡ་ཏུའུ་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་རེད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཨ་ཧྥེ་རི་ཁའི་དབུས་རྒྱུད་ཀྱི་ས་ཁོངས་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཏུའུ་སི་ཡུང་གིས། སླད་ཕྱིན་ཡ་ཏུའུ་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས། ཡ་ཝུན་ཏེ་ནས་ཏུའུ་ཨ་ལ་བར་གྱི་ལམ་ཐག་ཆུ་ཚོད་གཉིས་ནང་ཚུན་དུ་ཐུང་དུ་འགྲོ་རྒྱུ་རེད། ཏུའུ་ཨ་ལ་གྲུ་ཁ་ནས་ཨ་ཧྥེ་རི་ཁའི་དབུས་རྒྱུད་དང་ཆ་ཏེ་སོགས་སྐམ་སའི་དབུས་ཁུལ་རྒྱལ་ཁབ་ལ་སྐྱོད་ཐུབ་ཅིང་། དེ་ནི་མཐའ་འཁོར་རྒྱལ་ཁབ་ཁག་གི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་སའི་གྲུ་ཁ་གཙོ་བོ་ཞིག་རེད། དོན་སྙིང་དེའི་ཐོག་ནས་བཤད་ན། ཡ་ཏུའུ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱས་པ་ལས་ལམ་རྒྱུད་ཀྱི་དམངས་ཚོགས་ལ་དེ་བས་སྟབས་བདེ་ཡོང་རྒྱུ་མ་ཟད། ཁ་མེ་རོང་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཟོག་འགྲེམས་ལས་ཆོད་ལའང་སྐུལ་འདེད་ཤུགས་ཆེན་ཐེབས་ནས་ཨ་ཧྥེ་རི་ཁ་དབུས་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འཛུགས་སྐྲུན་ཇུས་གཞི་ཚན་རིག་དང་མཐུན་ཞིང་ནུས་ཆེ་དང་ལྗང་མདོག་ཡིན་པ།

    “ཀྲུང་གོའི་ཚད་གཞི་སྤྱད་པའི་མྱུར་བགྲོད་གཞུང་ལམ་དེ་ལས་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་བློ་གྲོས་མཚོན་ཡོད”ཅེས་རྣམ་གྲངས་ཀྱི་ཅིང་ལི་ཝུན་ཡུའེ་ཕིང་གིས་སྤོབས་པ་ཆེན་པོས་བརྗོད། ཡ་ཏུའུ་མྱུར་བགྲོད་གཞུང་ལམ་དེ་ཕྱོགས་གཉིས་ལ་འཁོར་ལམ་དྲུག་ཇུས་འགོད་བྱས་ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་110འགྲོ་ཆོག་གི་ཡོད། འགྲོ་ལམ་ཧྲིལ་པོར་དེང་རབས་ཅན་གྱི་ཚོད་འཛིན་ལྟེ་གནས་བཀོད་སྒྲིག་བྱས་ཡོད་ལ། གྲོན་བསྡུའི་མ་ལག་དང་། ཚད་བརྒལ་ཞིབ་དཔྱད། འཕྲིན་གཏོང་དང་ལྟ་སྐུལ་ཚོད་འཛིན་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་བསྡུས་ཡོད། དེའི་ནང་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་འཛུགས་སྐྲུན་ནང་ཟམ་སྦུག་108དང་། སྟེང་བགྲོད་ཟམ་པ་6 ས་འོག་བགྲོད་ལམ་8བཅས་བསྐྲུན་ཡོད། འབྲེལ་མཐུད་སྣོལ་ཟམ་ཆེན་པོ་དང་ལམ་ཐིག་གཙོ་བོའི་ཟམ་པ་གཉིས་ཀྱིས་ས་ཁོངས་ཧྲིལ་པོའི་འགྲིམ་འགྲུལ་དྲ་བ་འབྲེལ་མཐུད་བྱས་ཡོད།

    མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱས་པ་དེས་ས་གནས་དེ་གར་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་པ་དང་ཁྱོན་ས་གནས་དེ་གའི་ལས་མི་5000ལྷག་ཙམ་ལས་མིར་བསྡུས་ཡོད། ཁོང་ཚོའི་ཁྲོད་ཀྱི་ཁ་ཤས་ཀྱིས་ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་དང་སྒྲིག་ཆས་སྲུང་སྐྱོང་བྱེད་ཤེས་པ་དང་། ཁ་ཤས་ཚད་འཇལ་དང་ཇུས་འགོད་བྱེད་མཁན་དུ་གྱུར་པས། ཚང་མར་ཡོང་འབབ་དེ་བས་བརྟན་པོ་བྱུང་ཡོད།

    ལས་གྲྭ་འཛུགས་སྐྲུན་པ་ཡིན་ལ་གཅེས་སེམས་ཀྱི་ཕོ་ཉ་དེ་བས་ཀྱང་ཡིན་པ།

    ཁ་མེ་རོང་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྣམ་གྲངས་ཇུས་འགོད་ཀྱི་ཐོག་མའི་དུས་ནས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཧྥེར་ནན་ཏེ·ཏན་ཉི་ཨེར་གྱིས་ལས་ཡུལ་དུ་ཐེངས་མང་བསྐྱོད་ནས་རང་ཚུགས་ལྟ་ཞིབ་ཚད་ལེན་བྱས་ཤིང་། ཁོང་གིས“ཀྲུང་གོའི་འཛུགས་སྐྲུན་པར་ལག་རྩལ་ཡོད་པ་མ་ཟད། འགན་འཁྲི་ཁུར་སེམས་ཀྱང་ཆེན་པོ་འདུག ཁོང་ཚོས་ས་གནས་ཞིབ་ཚགས་ངང་འདེམས་པ་དང་། སྙིཌ་རོ་རིགས་དབྱེ་དོ་དམ་བྱེད་པ། ཐལ་རྡུལ་འབེབས་པ་དང་བཙོག་ཆུ་གཙང་གསིང་བཅས་ཡག་པོ་བྱས་པས་ཚད་གཞི་མཐོ་ཤོས་ཀྱིས་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐུབ་ཡོད”ཅེས་བརྗོད།

    ཁ་མེ་རོང་སྤྱི་པའི་གན་རྒྱ་པུའི་པུའུ་ཀྲང་ཨཱ་པ·ས་ཏུའུ་ཡིས་ཨར་སྐྲུན་བྱ་ཡུལ་དུ་རིག་ནུས་ཅན་གྱི་སྒྲིག་ཆས་དང་ནུས་ཆེའི་ལས་སྒྲུབ་མ་ལག་ལ་ལྟ་སྐོར་བྱེད་སྐབས“ཀྲུང་གོའི་ཁེ་ལས་ཀྱིས་ཁ་མེ་རོང་ལ་ལས་གྲྭ་འཛུགས་སྐྲུན་བྱས་པ་ཙམ་མ་ཟད། སྔོན་ཐོན་གྱི་ལས་ཀའི་བསམ་བློ་དེ་བས་ཀྱང་ཁྱབ་གདལ་བཏང་ཡོད”ཅེས་བརྗོད།

    ཁ་མེ་རོང་སྤྱི་པའི་ལས་གྲྭ་པུའི་པུའུ་ཀྲང་ཀྲུའུ་མེ་ཤིས་ཀྱིས“ང་ཚོ་ཀྲུང་གོའི་ཁེ་ལས་ཀྱི་ཨར་སྐྲུན་སྤུས་ཚད་ལ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་། མྱུར་བགྲོད་གཞུང་ལམ་འདིས་ཡ་ཝུན་ཏེ་དང་ཏུའུ་ཨ་ལ་གྲོང་ཁྱེར་གཉིས་དབར་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ལ་སྐུལ་འདེད་ཐེབས་ལ། ‘ས་ཁོངས་ཀྱི་བར་ཁྱམས’(ཏུའུ་ཨ་ལ་ནས་ཨིན་ཅ་མེ་ན་བར་གྱི་བར་ཁྱམས་དང་། ཏུའུ་ཨ་ལ་ནས་པན་ཀུའི་བར་གྱི་བར་ཁྱམས)གཉིས་ཀྱི་འགྲིམ་འགྲུལ་འགྲོ་འོང་ལ་སྐུལ་འདེད་ཐེབས་ནས་ས་ཁུལ་གྱི་དཔལ་འབྱོར་འཕར་བར་རམ་འདེགས་ཐུབ་རྒྱུ་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།