དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད།

    《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(བཞི་པ)》དམག་ཡོངས་ལ་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དམག་ཡོངས་ཀྱི་དཔོན་དམག་ལ་རོགས་རམ་གྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཇི་མ་ཇི་བཞིན་དང་། ཕྱོགས་ཡོངས། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལོན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་རྟོགས་པར་བྱས་ནས། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆེད་དུ། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུད་ཆབ་སྲིད་ལས་དོན་པུས《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(བཞི་པ)》རྩོམ་སྒྲིག་པར་འགྲེམས་ལས་དོན་སྒྲིག་འཛུགས་བྱས་པ་དང་ཉེ་ཆར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་ནས་དམག་ཡོངས་ཀྱིས་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་བཀོད་སྒྲིག་བྱས་པ་མ་ཟད། རིམ་པ་ཁག་གིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(བཞི་པ)》སློབ་སྦྱོང་བྱ་རྒྱུ་དེ《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(གཉིས་པ)》 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(གསུམ་པ)》 《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དགོངས་པ་སློབ་སྦྱོང་གི་རྩ་གནད(2023ལོའི་པར་གཞི)》སོགས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། དོན་ངོ་མ་རྟོགས་པ་བཅས་བྱེད་དགོས་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འབྲེལ་བ་བྱ་རྒྱུར་སྣང་ཆེན་བྱས་ཏེ། བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཤེས་རྟོགས་བྱས་ནས་དེའི་ནང་འདུས་པའི་གནས་ལུགས་དང་། རིགས་ལམ། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བཅས་ཁོང་དུ་སྔར་བས་ཡག་པོ་ཆུད་པར་བྱེད་དགོས་པ། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རེས་སྐོར་སྦྱོང་བརྡར། དཔུང་སྡེའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སློབ་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་བཅས་ཚང་མར《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ(བཞི་པ)》སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་ལ་བརྩིས་ཏེ། སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ། ཆབ་སྲིད་བཅོས་སྒྲིག་སྦྱོང་བརྡར་གཅིག་སྡུད་ཐོག་བྱེད་པ་དང་ཟུང་འབྲེལ་གྱིས་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཁྲོད་ཆབ་སྲིད་སྦྱོང་བརྡར་དང་བསམ་བློ་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་བསམ་དད་སེམས་དང་། ཏང་གཤིས་བློ་སྦྱོང་། དཔོན་སྤྱོད་མི་གཤིས་སོགས་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་སྔར་བས་ཡག་པོ་བྱས་ཏེ། སྲ་བརྟན་ནུས་ལྡན་གྱི་སྒོ་ནས་ཆབ་སྲིད་ཀྱི་ཁོར་ཡུག་དྭངས་གཙང་ཡོང་བ་དང་མི་དམངས་དམག་དཔུང་གི་དྭངས་གཙང་གཟི་བརྗིད་སྲ་བརྟན་དུ་གཏོང་དགོས་པ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་རྟོགས། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་བྱས་ཏེ། རང་ངོས་ཀྱི་སློབ་སྦྱོང་གྲུབ་འབྲས་ལ་བརྟེན་ནས་དཔོན་དམག་ལ་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ། རིམ་ཁག་ཆབ་སྲིད་ལས་དོན་སྡེ་ཚན་གྱིས་སློབ་སྦྱོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྒྱ་ཆེའི་རིགས་པའི་གཞུང་ལུགས་ལས་དོན་པས་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ། དམག་དཔུང་གི་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔུང་སྡེའི་སློབ་སྦྱོང་དང་ལག་བསྟར་གྱི་ཕན་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་སྟོན་ཕྱོགས་བརྟན་དུ་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་འབད་བརྩོན་ཆེན་པོས་འགག་སྒྲོལ་དང་འབད་འཐབ་ཆེན་པོས་དམག་དཔུང་སྟོབས་ཆེར་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་སྒྱུར་བ། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དམག་དཔུང་བཙུགས་ནས་ལོ་100འཁོར་བར་བསུ་བ་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།