དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས“རབ་བྱུང་གཅིག་གི་འཕོ་འགྱུར་ཆེན་པོས་རྟེན་འབྲེལ་ཆེན་མོ་བསུ། དུས་རབས་གསར་པར་དར་རྒྱས་འབད་འབུངས་བྱེད”ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་གྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ལོ་ངོ་60ཡི་རིང་ཏང་གི་འགོ་ཁྲིད་འོག་གཙང་གསུམ་གྱི་ས་གཞི་ཆེན་མོར་དབུལ་ཕོངས་རྗེས་ལུས་ནས་དར་རྒྱས་གོང་འཕེལ་བྱུང་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    དཔལ་འབྱོར་གྱི་སྟོབས་ཤུགས་ལ་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། ལོ་ངོ་60ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་དཔལ་འབྱོར་གྱི་སྟོན་གྲངས་ཁག་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད། 2024ལོར་ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་386.01ལེགས་སྒྲུབ་བྱས་པ་དེ་1990ལོ་ལས་ལྡབ་86འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་260.88ཟིན་པ་དེ་1965ལོའི་ལྡབ་ཁྲི་1.7ཟིན་པ། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་151.42ཟིན་པ་དེ་1965ལོའི་ལྡབ་ཁྲི་1.7ཟིན་པ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་32.07ཟིན་པ་དེ་1965ལོ་ལས་ལྡབ་3448འཕར་བ་བཅས་རེད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་བྱུང་ཞིང་། 2024ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་2.02ཟིན་པ་དང་། རྫོང(ཆུས)དང་། ཤང(གྲོང་རྡལ)སྒྲིག་ཁོངས་གྲོང་ཚོ་བཅས་ལ་རླངས་འཁོར་ཤར་སྐྱོད་ཐུབ་ཚད་100%དང་། 100% 86.2%བཅས་སོ་སོར་ཟིན་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཁེབས་ཚད་100%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ལ་གློག་དྲ་གཙོ་བོ་ཁེབས་ཚད་99%ཟིན་པ། གྲོང་ཁུལ་དང་རྫོང་གྲོང་གི་ཀྲའོ་ཆིག་སྟོང་ཟིན་པའི་འོད་སྐུད་དྲ་རྒྱ་ཕྱོགས་ཡོངས་ལ་སྦྲེལ་མཐུད་ཐུབ་པ་དང་5Gབརྡ་རྟགས་སྦྲེལ་མཐུད་ཐུབ་བཞིན་ཡོད།

    དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སློབ་གསོ་དང་། སྤྱི་ཚོགས་འགན་བཅོལ་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་53.69དང་། སྒོར་དུང་ཕྱུར་22.72 སྒོར་དུང་ཕྱུར་22.65བཅས་སོ་སོར་འཕར་བ་དང་ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་ནས“འགན་ལེན་གསུམ”གྱི་ཁ་གསབ་ཀྱིས་སློབ་མ་ཁྲི་14.33ལ་ཕན་པ་ཐོབ་པ། རྒན་གསོ་དང་སྨན་བཅོས་འགན་བཅོལ་སྤྱིར་ན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།