དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བརྒྱབ་ན་མྱུར་སྐྱེལ་ལས་འབོར་དུང་ཕྱུར་1120.5ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རིམ་རྩིས་བརྒྱབ་ན་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་འབོར་དུང་ཕྱུར་1223ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་16.2%འཕར་བ་དང་། དེའི་ནང་རིམ་རྩིས་བརྒྱབ་ན་མྱུར་སྐྱེལ་ལས་འབོར་དུང་ཕྱུར་1120.5ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ཡོད། ཟླ་བ་བདུན་པར། མྱུར་སྐྱེལ་ལས་འབོར་དུང་ཕྱུར་164.0ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་15.1%འཕར་ཡོད་པ་རེད།

    མྱུར་སྐྱེལ་ལས་འབོར་མགྱོགས་མྱུར་འཕར་བ་དེས་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་བརྟན་པོ་འཕར་བར་སྐུལ་ཁྲིད་ཐུབ་ཅིང་། ཟླ་བ་དང་པོ་ནས་བདུན་པའི་བར། རིམ་རྩིས་བརྒྱབ་ན་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་10180.7ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་8.3%འཕར་བ་དང་། དེའི་ནང་རིམ་རྩིས་བརྒྱབ་ན་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་8394.2ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་9.9%འཕར་ཡོད་པ་རེད།

    རིགས་ཁག་གི་ལས་སྒོའི་འཕར་ཚུལ་མངོན་གསལ་དོད་ཅིང་། ཟླ་བ་དང་པོ་ནས་བདུན་པའི་བར། རིམ་རྩིས་བརྒྱབ་ན་གྲོང་ཁོངས་མྱུར་སྐྱེལ་ལས་འབོར་དུང་ཕྱུར་92.6ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ་དང་། རིམ་རྩིས་བརྒྱབ་ན་ཡུལ་གཞན་གྱི་མྱུར་སྐྱེལ་ལས་འབོར་དུང་ཕྱུར་1004.3ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་19.9%འཕར་ཡོད་པ་རེད།

    ས་ཁོངས་འཕེལ་རྒྱས་དེ་བས་དོ་སྙོམས་བྱུང་ཞིང་། ཟླ་བ་དང་པོ་ནས་བདུན་པའི་བར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་74.0%དང་། 15.5% 10.5%བཅས་སོ་སོར་ཟིན་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན་དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་བ་དང་། མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.9འཕར་ཡོད། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.3འཕར་བ་དང་། མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།