དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་གཉེར་སྐྱོང་བྱེད་པོ་ཁྲི་1327.8འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི་1327.8གསར་འཕར་བྱུང་བ་དང་། དེའི་ཁྲོད་ཁེ་ལས་ཁྲི་462.0དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་862.9 ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་2.9བཅས་གསར་འཕར་བྱུང་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད།

    དམངས་གཉེར་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་བྱུང་ཞིང་། ལོ་སྟོད་དུ་གསར་འཕར་བྱུང་བའི་དམངས་གཉེར་ཁེ་ལས་ཁྲི་434.6ཟིན་པ་དེ་དུས་མཚུངས་ལས་4.6%འཕར་བ་དང་། གསར་འཕར་བྱུང་བའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི་3.3ཟིན་པ་དེ་དུས་མཚུངས་ལས་4.1%འཕར་ཡོད། སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་བྱུང་བ་ལས་ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཁེ་ལས་ཀྱི་མ་འཇོག་བྱེད་སེམས་ཆེ་རུ་ནུས་ལྡན་ཕྱིན་པ་མངོན་ཡོད།

    འཛད་སྤྱོད་ཁྱབ་ཁོངས་ཀྱི་རིག་གནས་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་མངོན་གསལ་དོད་ཅིང་། རིག་གནས་ཐོན་ལས་དེ་ལོ་སྟོད་ཀྱི་འཛད་སྤྱོད་འཕར་བའི་བཀྲག་མདངས་འཚེར་སར་གྱུར་ནས་གསར་འཕར་བྱུང་བའི“རིག་གནས་དང་། ལུས་རྩལ། རོལ་རྩེད་ལས་རིགས”བཅས་ཀྱི་ཁེ་ལས་འཕར་ཚད་17.5%ཟིན་ནས་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།