བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་བསྐྲུན་པ།
ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཞིང་འབྲོག་པའི་སྡོད་སའི་ཆ་རྐྱེན་ལེགས་སུ་གཏོང་བ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་བཏང་བ་དང་། རྫོང་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་2025ལོ་ནས་2027ལོའི་བར་གྱི་གྲོང་གསེབ་སྡོད་ཁང་གི་སྤུས་ཚད་ལེགས་གཏོང་གི“དཔྱིད་རླུང”བྱ་སྤྱོད་སྤེལ་འགོ་ཚུགས་ཏེ་བདེ་འཇགས་དང་སྐྱིད་སྣང་དོད་པའི་དུས་རབས་གསར་པའི་ཞིང་འབྲོག་པའི་སྡོད་ཁང་ཧུར་ཐག་བསྐྲུན་པ་དང་། རྫོང་ཡོངས་ཀྱི་2025ལོའི་དུད་ཁྱིམ་1828སྒྱུར་བཀོད་བྱ་རྩིས་ཡོད་པའི་ནང་དུད་ཁྱིམ་1781ཨར་ལས་བྱེད་འགོ་ཚུགས་པ་དང་ཁ་གསབ་སྒོར་དུང་ཕྱུར་2.73གཏོང་རྒྱུ་ཡིན་ལ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོའི“དཔྱིད་རླུང”བྱ་སྤྱོད་ཀྱི་སྡོད་ཁང་སྤུས་ཚད་ལེགས་གཏོང་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།