རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཡན་ཨན་དུ་བསྐྱོད་དེ་གསར་བརྗེའི་སློབ་གསོའི་ཞིབ་སློབ་བྱེད་སྒོར་ཞུགས་པ།
ཉེ་ཆར། གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་གཉེར་འགན་ཁུར་བའི“གསར་བརྗེའི་རྗེས་ཤུལ་འཚོལ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་ཡན་ཨན་དུ་བསྐྱོད་པའི་གསར་བརྗེའི་སློབ་གསོའི་ཞིབ་སློབ་བྱེད་སྒོ་མཇུག་འགྲིལ་ཞིང་། བྱེད་སྒོའི་དུས་ཡུན་ཉིན་བདུན་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དང་ཁང་དམར་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་12ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་གསར་བརྗེའི་གནས་རྙིང་ལ་ལྟ་སྐོར་དང་། གསར་བརྗེའི་གཏམ་རྒྱུད་ཉན་པ། མཉམ་འགུལ་ཉམས་ལེན་ནང་ཞུགས་པ་སོགས་ལ་བརྟེན་ནས་གསར་བརྗེའི་སྙིང་སྟོབས་ཕྲུ་གུ་ཚོའི་སེམས་སུ་རྩ་བ་ཚུགས་ཏེ་ཁོང་ཚོར་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་དུས་རབས་གསར་པའི་འགན་འཁུར་མཁན་དུ་འགྱུར་བར་སྐུལ་ལྕག་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། བྱིས་པ་ཚོས་ཡན་ཨན་གྱི་གསར་བརྗེ་ལོ་རྒྱུས་དང་རིག་གནས་ཁྱད་ཆོས་ལ་དམ་པོར་དམིགས་ནས་སློབ་ཚན་དང་སྣ་མང་ཕུན་སུམ་ཚོགས་པའི་རིམ་སྤེལ་་བྱེད་སྒོར་ཞུགས་པ་དང་། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་ཁྲོད་གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱི་དཔའ་ངར་ལྡན་པའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།