དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས“ལས་གནས་ཀྱིས་འབྱུང་འགྱུར་ལམ་བུ་སྟོན། ཕུགས་བསམ་གྱིས་ལང་ཚོར་འོད་མདངས་བསྣན”ཞེས་པའི་ཉིན་བརྒྱའི་ཁྲི་སྟོང་ལས་བསྡུའི་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར། མངའ་རིས་ས་ཁུལ་གྱིས“ལས་གནས་ཀྱིས་འབྱུང་འགྱུར་ལམ་བུ་སྟོན། ཕུགས་བསམ་གྱིས་ལང་ཚོར་འོད་མདངས་བསྣན”ཞེས་པའི་2025ལོའི་ཉིན་བརྒྱའི་ཁྲི་སྟོང་ལས་བསྡུའི་འདུ་ཚོགས་ས་ཁུལ་མི་ཤུགས་ཐོན་ཁུངས་ཁྲོམ་རར་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། ལས་ཀ་འཚོལ་མཁན་དང་མི་སྤྱོད་ཚན་པར་ཕན་འབྲས་ཆེ་བའི་སྦྲེལ་མཐུད་ལས་སྟེགས་ཤིག་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཀྱིས་སྣ་མང་ལས་ཞུགས་ཀྱི་དགོས་མཁོར་དམིགས་པ་དང་ཞབས་འདེགས་ཞུ་ཡུལ་རྒྱ་ཆེན་པོ་ཡོད་དེ། མཐོ་སློབ་སློབ་ཐོན་སློབ་མ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ། དམག་ཞབས་ཐིམ་པའི་དམག་མི། ཞིང་འབྲོག་པ། དེ་བཞིན་དུག་གཅོད་ཐུབ་པའི་མི་སྣ། ཁྲིམས་ཆད་འཁུར་ཡུན་ལོངས་པའི་མི་སྣ་སོགས་ཀྱི་ཚོགས་སྤྱི་འདུས་ཡོད།

    བསྡོམས་རྩིས་བརྒྱབ་པ་ལྟར་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་སྤེལ་ཡུལ་དུ་ཁྱོན་ལས་འཚོལ་རེ་ཞུའི་རེའུ་མིག་309འབྱོར་བ་དང་མི་114ཡིས་ལས་ཞུགས་འདོད་མཐུན་གྲོས་ཡིག་ལ་མིང་རྟགས་བཀོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།