2025ལོའི“7·16དམངས་ཡོངས་ཆུ་རྐྱལ་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ”(ལྷ་སའི་ས་ཚིགས)སྤེལ་བ།
ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆུ་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི“7·16དམངས་ཡོངས་ཆུ་རྐྱལ་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ”(ལྷ་སའི་ས་ཚིགས)བོད་རང་སྐྱོང་ལྗོངས་ཆུ་རྐྱལ་ཁང་དུ་སྤེལ་བ་རེད།
ཐེངས་འདིའི་འགྲན་བསྡུར་ལ་2025ལོའི་བོད་རང་སྐྱོང་ལྗོངས་དམངས་ཡོངས་ལུས་སྦྱོང་ཆུ་རྐྱལ་ཚད་ལོན་འགྲན་བསྡུར་སྐབས་བཅུ་པ་དང་། སློབ་གྲྭ་འབྲིང་ཆུང་གི་ཆུ་རྐྱལ་འགྲན་བསྡུར་སྐབས་བདུན་པ། 2025ལོའི་བོད་རང་སྐྱོང་ལྗོངས་ཆུ་རྐྱལ་འགྲན་བསྡུར(ལོ་18ཡན)བཅས་ལོགས་སུ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གི་ཆུ་རྐྱལ་ལ་དགའ་པོ་ཡོད་མཁན་153ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།