དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་པ་གྲུ་ཚང་ནས་ཕྱིར་དོན་ཐེངས་གསུམ་པ་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་8ཚེས་15ཉིན་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་པ་གྲུ་ཚང་ནས་ཕྱིར་དོན་ཐེངས་གསུམ་པ་ལམ་ལྷོངས་བྱུང་བ་རེད། ད་ཐེངས་གྲུ་ཚང་ནས་དོན་པར་ཆུ་ཚོད་6.5ཙམ་འགོར་བ་དང་། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱིས་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཏེ། བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ལག་པ་དང་ས་ངོས་ཀྱི་ཚན་ཞིབ་མི་སྣའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག གཏན་འཁེལ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། གྲུ་ཚང་ནས་དོན་པའི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་ཝང་ཅེ་བདེ་འཇགས་ངང་མཁའ་འདྲི་ཚོད་ལྟའི་གྲུ་ཚང་དུ་ལོག་སྟེ་གྲུ་ཚང་ནས་དོན་པའི་བྱེད་སྒོ་ལེགས་གྲུབ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།