སྤྱི་གླིང་སྒྱུར་བཀོད་རིམ་སྤོར་བྱས། གྲོང་མིས་བསྟོད་པའི་མཐེ་བོང་བསྒྲེངས།
འདི་ནི་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས་གྲོང་མི་དང་སྤེལ་རེས་བྱེད་བཞིན་པ།
འདི་ནི་གསར་དུ་བསྐྲུན་པའི་ཐང་ཆེན་གྱི་ཞབས་བྲོ་འཁྲབ་སར་གྲོང་མིའི་འཐུས་མིས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ཉེ་ཆར། གྲོང་མིས་བསམ་འཆར་ཆེན་པོ་འདོན་པའི་ལུས་སྦྱོང་སྤྲོ་གསེང་བྱེད་ས་དང་ངལ་གསོ་ས་ཁ་ཐང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དང་གླིང་ཆུང་སྡེ་ཁུལ་གྱིས་མགྱོགས་མྱུར་བསམ་འཆར་དང་ལེན་བྱས་ཐོག ཡུལ་དངོས་སུ་བརྟག་ཞིབ་མཐུན་སྦྱོར་བྱས་ཏེ། གླིང་ཆུང་སྤྱི་གླིང་གི་བྱེད་ནུས་ཁུལ་སླར་ཡང་འཆར་འགོད་བྱས་པ་དང་ཐང་ཆེན་གྱི་ཞབས་བྲོ་འཁྲབ་ས་རྒྱ་སྐྱེད་བཏང་བ་མ་ཟད། ངལ་གསོ་སའི་སྒྲིག་བཀོད་མང་དུ་བཏང་ནས་གྲོང་མིར་སྤྲོ་གསེང་དང་ལུས་སྦྱོང་བྱེད་ས་ཡོད་པར་བྱས་པར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།