ཧོ་ལན་ཧྲན་རི་བོ་བརྒལ་བའི་ལྕགས་ལམ་གྱི་ཕུག་ལམ་ཏལ་འབིགས་ཐུབ་པ།
ཉེ་ཆར། རང་རྒྱལ་གྱི་ཧོ་ལན་ཧྲན་རི་བོ་བརྒལ་བའི་ལྕགས་ལམ་གྱི་ཕུག་ལམ་དང་པོ་སྟེ། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་དབྱིན་ཁྲོན་ནས་པ་ཡན་ཧའོ་ཐེའི་ཡན་ལག་དུམ་བུའི་ཧོ་ལན་ཧྲན་རི་བོའི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཡོངས་སུ་ཐུབ་པ་རེད།
པའོ་དབྱིན་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་ནང་དབྱིན་པ་དུམ་བུ་ནི་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ནས་འགོ་ཚུགས་ཏེ་ནང་སོག་ཨ་ལཱ་ཧྲན་མོང་དུ་མཇུག་བསྡུས་ནས་མ་ལམ་གྱི་རིང་ཚད་ལ་སྤྱི་ལེ་111ཙམ་ཡོད། ཧོ་ལན་ཧྲན་རི་བོའི་ཕུག་ལམ་ནི་ཡན་ལག་དུམ་བུ་དེའི་དཀའ་ཚེགས་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད།
པའོ་དབྱིན་མྱུར་བགྲོད་ལྕགས་ལམ་དབྱིན་པ་དུམ་བུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཉིང་ཞ་དང་ནང་སོག་གི་ལྕགས་ལམ་དྲ་བའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། ས་ཁོངས་དབར་གྱི་ཕན་ཚུན་འབྲེལ་མཐུད་ཟབ་ཏུ་འགྲོ་བ། ལམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐེབས་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།