དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་ལས་ཁུངས་ཀྱིས་བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས“ཁུན་ནུ”དང“དུས་བདེའི་ཀླུང་ཐང”སོགས་ཀྱི་ཆེད་དོན་བྱ་སྤྱོད་དང་ཆེད་དོན་ལས་དོན་རྒྱུན་མཐུད་སྤེལ་རྒྱུ་བཀོད་སྒྲིག་དང་། རྨ་ཆུའི“ཆུ་གུག་རྟ་རྨིག་མའི”དུས་བྱ་དང་འབྲེལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ས་ཁོངས་ཀྱི་མཉམ་འཐབ་སྤེལ་རྒྱུ་བཀོད་སྒྲིག ཁྲིམས་འགལ་རྔོན་རྒྱག་ཚོགས་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བཅས་བྱས་ཏེ། བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལེའོ་ཉིང་ཀའེ་ཀྲོའུ་སྤྱི་བདེ་ལས་ཁུངས་ཀྱིས་ལི་ཆེ་གེ་མོ་དང་ཝུའུ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་པ་དང་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དང་། ཅི་ལིན་ཧུན་ཁྲུན་སྤྱི་བདེ་ལས་ཁུངས་ཀྱིས་ལི་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་གྱོད་གཞི་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་སོགས། ས་གནས་ཁག་གིས་བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ལ་གཅིག་སྡུད་ཐོག་མྱུལ་ཞིབ་བྱས་ཏེ། ཉེས་གསོག་ཚོགས་པ་ཁག་གཅིག་དང་ཉེས་གསོག་འཁོར་འབྲེལ་ཁག་གཅིག་མེད་པར་བཟོས་པ་རེད།

    ད་ལོ་ཚུན་དུ་སྤྱི་བདེ་ལས་ཁུངས་ཀྱིས་བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་ཁག་7000ལྷག་ཙམ་གྱོད་དོན་ཐོ་བཀོད་བྱས་ནས་མྱུལ་ཞིབ་དང་། ཉེས་གསོག་དོགས་ཅན་ཁྲི་1.1ལྷག་ཙམ་འཛིན་བཟུང་བྱས་ནས། བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།