དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཁེན་ནི་ཡར་གཉེར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    ཚེས་15ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་འཚོགས་ཤིང་། པར་རིས་འགྲེམས་སྟོན་དེ་ནི“ལོ་རྒྱུས་བློ་ལ་བརྟན་པོར་བཅངས་ནས་ཞི་བདེར་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཁེན་ནི་ཡའི་སྲིད་ཕྱོགས་ཀྱི་མི་སྣ་དང་། མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཧའེ་ཡན་གྱིས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས་ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཡིན་པས། ང་ཚོས་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ་ཞི་བདེར་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་དུ་གཏོང་བ་དང་རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བརྗོད།

    ཁེན་ནི་ཡའི་ཅི་ཤིས་ཅུན་གྱི་ཅུན་ཀྲང་ཨ་ལཱ་ཏིས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་རེད། དམག་འཁྲུག་འདིས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱས་པས་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།