དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་དུ་ཀྲུང་ཧྥེའི་སྨན་ཁང་མནའ་འབྲེལ་བཙུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    ཚེས་15ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྥེའི་སྨན་ཁང་མནའ་འབྲེལ་འཛུགས་པའི་མཛད་སྒོ་དང་ཀྲུང་ཧྥེའི་སྨན་ཁང་འཕེལ་རྒྱས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀ་པོན་དང་། ཙན་པི་ཡ། ཁ་མེ་རོང་། སོ་ཐོ་མེ་དང་ཕུ་རིན་སི་ཕེ། མོ་རི་ཐིའུ་སི་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་དང་། ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེ་མོ་བ། དེ་བཞིན་ཀྲུང་ཧྥེའི་སྨན་ཁང་གི་དོ་དམ་པ་དང་སྨན་བཅོས་ཆེད་ལས་མི་སྣ་300ལྷག་ཙམ་ཞུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིཌ་ན། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་ཀྱི་རྩ་དོན་འོག་ཀྲུང་ཧྥེའི་སྨན་ཁང་མནའ་འབྲེལ་གྱིས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། བརྒྱུད་རིམ་ལྡན་པའི་ཕུགས་ཕན་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་ཡིན་ཞིང་། མནའ་འབྲེལ་གྱིས་ལོ་རེར་ཀྲུང་ཧྥེའི་སྨན་ཁང་འཕེལ་རྒྱས་ཀྱི་ཚོགས་འདུ་ཐེངས་རེ་འཚོག་རྩིས་ཡོད་པ་དང་། ཚོགས་འདུའི་ནང་དོན་ཐད་མནའ་འབྲེལ་གྱི་གྲུབ་འབྲས་ཡོངས་བསྒྲགས་དང་། རིག་གཞུང་ལག་རྩལ་བགྲོ་གླེང་། ཉམས་མྱོང་མཉམ་སྤྱོད་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།