དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་རབས་གསར་པའི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་སྐབས་བཞི་པ་དང་བཅོས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་15དང་ཚེས་16ཉིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་དུས་རབས་གསར་པའི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་སྐབས་བཞི་པ་དང་བཅོས་སྐྱོང་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་འབྲེལ་ཀྲོའུ་དང་རྫོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཏང་གིས་ཆོས་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་པ་དང་། ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོ་དོ་དམ་བཅས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་བྱུང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལག་ལེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མཐའ་ཚད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་གྱི་ལྟ་བ་བརྟན་དུ་གཏོང་བ། ཕྱོགས་ཁག་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། འབྲེལ་གཏུག་དང་མཐུན་སྦྱོར་ལ་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས། ས་ཁོངས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ། བོད་བརྒྱུད་ནང་བསྟན་ལས་དོན་ལ་དོ་དམ་བྱེད་སྟངས་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ཚད་གཞི་གཅིག་གྱུར་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་འགོག་ཟོན་བཅས་བྱས་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ཀྱི་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

    ད་ཐེངས་ཀྱི་གླེང་སྟེགས་ནང་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་འབྲེལ་ཡོད་ཁྱིམ་མཚེས་གྲོང་ཁྱེར་དང་ཀྲོའུ་ཡི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་20ལྷག་ཙམ་ཚོགས་འདུར་ཞུགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།