ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས།
སྡེ་ཁུལ་ཁྲོམ་གཞུང་གི་དྲོ་སྐྱིད་ལྡན་པའི་ཁང་ཆུང་།
ཞོགས་པའི་ཉི་གཞོན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀླུ་སྒུག་སྡེ་ཁུལ་སྲང་ལམ་དུ་འཕྲོ་བ་དང་བསྟུན་ནས། ལོ་67ལ་སླེབས་པའི་ཨ་མ་བདེ་ཆེན་སྒྲོལ་དཀར་གྱིས་རས་ཁུག་ཆུང་ཆུང་ཞིག་ཁྱེར་ནས་ཀླུ་སྒུག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་བསྐྱོད།
“སྤེན་སྒྲོན། དེ་རིང་འཕུར་མཉེད་རྐུབ་སྟེགས་སྟོང་པ་འདུག་གམ” ཁོང་གིས་དཔེ་སྒྲོམ་ཐོག་གི་དཔེ་དེབ་སྒྲིག་བཞིན་པའི་ལས་མིར་ཞོགས་པའི་འཚམས་འདྲི་བྱེད་བཞིན་རྒྱུས་མངའ་ཆེན་པོས་ཟུར་གཅིག་ཏུ་བཞག་པའི་འཕུར་མཉེད་སྒྲིག་ཆས་ཀྱི་ཕྱོགས་སུ་བསྐྱོད། རྒྱ་ཁྱོན་སྨི་ངོས་གྲུ་70ཡོད་པའི་ཁང་པ་དེའི་དཔེ་ཀློག་ཁུལ་གྱི་དཔེ་སྒྲོམ་ཐོག་དཔེ་དེབ་གྲལ་འགྲིག་པོར་བསྒྲིགས་པ་དང་བྱིས་པའི་ཁུལ་གྱི་རོལ་རྩེད་ཅོག་ཙེའི་ཁ་པང་གི་བཟོ་དབྱིབས་ནི་ད་དུང་སྒྲིག་ཚར་མེད་པའི་ཤིང་དུམ་རྩེད་ཆས་ཀྱི་བཟོ་དབྱིབས་རེད། ས་ཚིགས་དེ་སྔ་ས་ནས་གྲོང་པ་ཁྱིམ་མཚེས་ཚོའི་སེམས་ནང་གི“ཁྱིམ་ཚང་གཉིས་པར”གྱུར་ཡོད།
ཀླུ་སྒུག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ས་ཚིགས་ནི་སྡེ་ཁུལ་གྱི་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ཏང་གི་ལས་དོན་གྲོང་ཁྱེར་གྱི་ཆེས་གཞི་རིམ་དང་མང་ཚོགས་ཀྱི་སྒོ་འགྲམ་དུ་དངོས་འབྲེལ་སྒྲུབ་ཐུབ་པར་བྱེད་པའི་གསར་གཏོད་བར་མཐོངས་ཤིག་རེད། མང་ཚོགས་ལ་རིན་མི་དགོས་པར་གློག་གསོག་ཆས་མཁོ་འདོན་བྱེད་པ་དང་། བྱིས་པ་སྐབས་འཕྲལ་ཚབ་ཉར་བྱེད་པ། དཔེ་དེབ་གཡར་བ་སོགས་ཀྱི་དམངས་ཕན་ཞབས་ཞུའི་ས་ཚོགས་དེ་ནི་མང་ཚོགས་ཐང་ཆད་སྐབས་ངལ་གསོ་བ་དང་ཁ་སྐོམ་ན་ཆུ་སྟེར་བའི“ངལ་གསོ་རྒྱག་ས”ཞིག་རེད།
ཟླ་རེའི་ཚེས་25ཉིན་སླེབས་རིམ་བཞིན་ས་ཚིགས་ཀྱིས“གཅེས་སེམས་མཚོན་པའི་སྤྱི་ཕན་ཞབས་ཞུའི་ཉིན་མོའི”བྱེད་སྒོ་སྤེལ་ཞིང་། དེའི་རིང་གཅེས་སེམས་སྐྲ་བཞར་དང་། ལྡེ་མིག་སྒྲིག་བཟོ། འོས་འགན་སྨན་བཅོས་སོགས་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་གྱི་ཡོད།
“ས་ཚིགས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་ཁུལ་ལ་ཉིན་ལྟར་ལྟ་བར་ཡོང་མཁན་མི་ཉུང་བ་ཡོད” སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་བྱམས་པ་ལྷ་མོས་འགྲེམས་སྟོན་ཁུལ་དུ་བསྒྲིགས་པའི་བཟོ་རྩལ་ཐོན་རྫས་ཚང་མ་ནི་ཉེ་འཁོར་གྱི་གྲོང་མི་དང་ཚོང་ཁང་ནས་ཁྱེར་ཡོང་བ་ཤ་སྟག་རེད། ས་ཚིགས་ཀྱིས་འགྲེམས་སྟོན་བྱས་ནས་ཚོང་རོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
རྒྱ་ཁྱོན་སྨི་ངོས་གྲུ་70ཡོད་པའི་ཁང་ཆུང་དེའི་ནང་དུ་དྲོ་སྐྱིད་ལྡན་པའི་བྱ་བ་མང་པོ་བྱུང་ཞིང་། ས་ཚིགས་ཆུང་ཆུང་དེ་ནི་སྔ་ས་ནས་ཞབས་ཞུའི་ས་ཚིགས་ཙམ་མ་ཡིན་པར་དྲོ་སྐྱིད་ལྡན་པའི་ས་བོན་ཞིག་དང་འདྲ་བར། ཁྲོམ་གཞུང་གི་ཟུར་དུ་རྩ་བ་ཚུགས་ནས་ལོ་འདབ་རྒྱས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།