གླུ་གར་སྟོན་མོ་གཟབ་རྒྱས་བཤམས། རྟེན་འབྲེལ་ཆེ་མོར་བསུ་བ་ཞུ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུས་པ་རེད།
འདི་ནི་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་གཙོ་གཉེར་བྱས་ཤིང་། ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་མཐུན་སྒྲིལ་ཐང་ཆེན་དུ་གཉེར་བའི“ཀ་ལ་གྲོང་ཚོའི་ཡུལ་མིའི་སེམས་གཏམ——སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་དྲན། ཁྱིམ་གཞིས་གསར་པ་མཉམ་དུ་སྐྲུན”ཞེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
འདི་ནི་ཉེ་ཆར་མངའ་རིས་ས་ཁུལ་གློག་བརྙན་ཟློས་གར་ཁང་དུ“འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། མངའ་རིས་གསར་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས”ཞེས་པའི་མངའ་རིས་ས་ཁུལ་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་གཉེར་བའི་གནས་ཚུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།