དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གློག་བརྙན་གྱི་ཤུལ་རྗེས། གངས་ལྗོངས་ཀྱི་ངོ་མཚར་ཞེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གློག་བརྙན་འགྲེམས་སྟོན”འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉིན་ཤས་གོང“གློག་བརྙན་གྱི་ཤུལ་རྗེས། གངས་ལྗོངས་ཀྱི་ངོ་མཚར་ཞེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གློག་བརྙན་འགྲེམས་སྟོན”ལྷ་སར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གློག་བརྙན་འགྲེམས་སྟོན་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་གློག་བརྙན་ཅུས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོ་གློག་བརྙན་མཁས་ཅན་མཐུན་ཚོགས་དང་ཀྲུང་གོ་གློག་བརྙན་ཐེབས་རྩ་ལྷན་ཚོགས་སོགས་ཚན་པས་རྒྱབ་སྐྱོར་བྱས་པ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་གཙོ་གནད་རིག་རྩལ་བྱེད་སྒོའི་གྲས་ཤིག་ཀྱང་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་གློག་བརྙན་འགྲེམས་སྟོན་ལ《རྒྱང་རིང་གི་བུ་རོགས་གངས་རི》དང་། 《ཞིང་བྲན》 《རོང་ཆུ་དམར་པོ》《ང་ཡི་ཧི་མ་ལ་ཡ》 《ལོ་ཁུངས་དང་འཇིགས་མེད》 《མཁའ་དབྱིངས་ཀྱི་ཕུགས་འདུན》《ཐེན་པའོ》 《ཧི་མ་ལ་ཡའི་གནམ་སྐས》 《མ་རིག་པའི་རི་རྩེ》 《ཁུང་ཧྥན་སེན》བཅས་བོད་ལྗོངས་བརྗོད་གཞིར་བྱས་པའི་ཕུལ་བྱུང་གློག་བརྙན་10སྟོན་རྒྱུ་དང་། དུས་རབས་ཀྱི་འགྱུར་བ་དང་། གསར་བརྗེའི་དྲན་ཤེས། འབད་འཐབ་ཀྱི་སྙིང་སྟོབས་དང་མིག་དཔེའི་སྟོབས་ཤུགས། མི་རིགས་མཐུན་སྒྲིལ་དང་བོད་སྐྱོར་གྱི་གཏམ་རྒྱུད་བཅས་ཆེད་དོན་ཆེན་པོ་བཞི་ཡི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།