དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་ལེའུ》སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

     བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་བཏོན་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྒྱ་སྐད་ཀྱི་གོ་ལ་ཧྲིལ་པོའི་ལེ་ཚན་ལྟེ་གནས་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུས་མཉམ་དུ་པར་ལེན་སྒྲིག་བཟོ་བྱས་པའི《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་ལེའུ》ཟླ་8ཚེས་17ཉིན་ནས་བཟུང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ(CCTV—1)དང་།  རྒྱ་སྐད་ཀྱི་རྒྱལ་སྤྱིའི་འཕྲིན་ལམ(CCTV—4)ཐོག་སྟོན་རྒྱུ་དང་ཆབས་ཅིག གསར་རྩོམ་གྱི་བརྗོད་དོན་གཙོ་བོའི་གླུ་གཞས《སེམས་ནང་གི་བྱང་སྐར་སྤུན་བདུན》ཞེས་པའང་མཉམ་དུ་སྟོན་རྒྱུ་རེད།

    པར་གཞི་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པའི་ལོ་ངོ་60ཡི་འོད་སྟོང་འཕྲོ་བའི་རྣམ་པ་གཅིག་སྡུད་ཐོག་སྟོན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རྨང་གཞི་ཟབ་མོར་གསལ་འགྲེལ་གཏིང་ཟབ་བྱས་ནས་གངས་ལྗོངས་ས་མཐོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།